དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན། (4)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    21.རང་ལྗོངས་ཀྱི་ཞིང་འབྲོག་པའི་སྦྲུམ་མས་ཁྱིམ་དུ་དུག་སེལ་སྐྱེ་བསུ་དང་ལེན་བྱེད་པར་དམངས་ཕན་སྲིད་ཇུས་གང་ཡོད་དམ།

    ལན་དུ།རང་ལྗོངས་ཀྱི་ཞིང་འབྲོག་པའི་སྦྲུམ་མས་ཁྱིམ་དུ་དུག་སེལ་སྐྱེ་བསུ་དང་ལེན་བྱས་པར་སྨན་རིན་ནར་གཏོང་བྱ་རྒྱུ།དམིགས་འཛུགས་སྨན་བཅོས་ལས་ཁུངས་ཀྱིས་སྨན་རིན་ནར་གཏོང་བྱས་པའི་གོ་ཆོད་སྤ་སེ་དང་སྐྱེ་བསུའི་ཐོ་དེབ།དོ་བདག་གི་མིང་རྟགས་ར་སྤྲོད་སོགས་ལ་བརྟེན་ནས་རྫོང་།(གྲོང་ཁྱེར་དང་ཆུས)གི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་སུ་དུས་བཀག་ཐོག་ནད་ཆེན་རིགས་ཀྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་ནས་རྩིས་རྒྱག་ཆོག

    22.རང་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུ་དམར་འབྱར་མྱུར་སྐྱོབ་སྨན་བཅོས་ཐད་གཟིགས་སྐྱོང་སྲིད་ཇུས་གང་ཡོད་དམ།

    ལན་དུ།རིམ་ཁག་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་ཕྲུ་གུ་དམར་འབྱར་མྱུར་སྐྱོབ་ཀྱི་སྨན་བཅོས་འགྲོ་གྲོན་དེ་སྐབས་ཐོག་རྩིས་རྒྱག་རྩིས་ཞུ་ལག་བསྟར་བྱས་ཟིན་ཚེ།སྨན་རིན་སྤྲོད་མི་དགོས་པ་དང་།སྐབས་ཐོག་རྩིས་རྒྱག་རྩིས་ཞུ་ལག་བསྟར་བྱས་མེད་ཚེ།ཞིང་འབྲོག་པས《ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་སྨན་བཅོས་རྩིས་ཐོའི་དེབ》དང་།རྫོང་(གྲོང་ཁྱེར་དང་ཆུས) སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་འགྲོ་གྲོན་གྱི་གོ་ཆོད་སྤ་སེ་སོགས་ལ་གཞིགས་ནས་ནད་ཆེན་རིགས་ཀྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་ལས་ཆ་ཚང་རྩིས་ཞུ་བྱེད་ཆོག་པའི་གཟིགས་སྐྱོང་སྲིད་ཇུས་ཡོད།

    23.ཞིང་འབྲོག་མང་ཚོགས་ཀྱི་སྦྲུམ་མ་སྨན་ཁང་དུ་བུ་བཙས་ཚེ་སྨན་རིན་སྤྲོད་མི་དགོས་པ་མ་ཚད་ཁ་གསབ་རོགས་དངུལ་ཡང་ལེན་ཆོག་གམ།

    ལན་དུ།རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་སྦྲུམ་མ་སྨན་ཁང་དུ་བུ་བཙའ་མཁན་ལ་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་ཅིང་།ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལྟར་སྦྲུམ་མ་དང་སྦྲུམ་མ་སྨན་ཁང་སྐྱེལ་མཁན་ལ་ཁ་གསབ་རོགས་དངུལ་སྒོར་50སྤྲོད་ཀྱི་ཡོད།དེ་ཕུད་པས་བུད་མེད་དང་ཕྲུ་གུའི་རྣམ་གྲངས་ལས་སྨན་ཁང་དུ་བུ་བཙས་པར་ཁ་གསབ་རོགས་དངུལ་ཡོད།

    24.ཞིང་འབྲོག་པས་གཅིག་གྱུར་གྲབས་གསོག་འཆར་འགོད་བྱེད་ཁོངས་ས་གནས་མིན་པའི་ཡུལ་དུ་ལས་ཀ་དང་།གཉེན་ཉེ་ཐུག་འཕྲད།ཡུལ་སྐོར་སོགས་བྱེད་སྐབས་ནད་གཞིས་རྐྱེན་པས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་པར་སྨན་རིན་ཇི་ལྟར་རྩིས་ཞུ་བྱ་དགོས་སམ།

    ལན་དུ།ཞིང་འབྲོག་པས་གཅིག་གྱུར་གྲབས་གསོག་འཆར་འགོད་བྱེད་ཁོངས་ས་གནས་མིན་པའི་ཡུལ་དུ་ལས་ཀ་དང་།གཉེན་ཉེ་ཐུག་འཕྲད།ཡུལ་སྐོར་སོགས་བྱེད་སྐབས་ནད་གཞིས་རྐྱེན་པས་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱས་པར།སྨན་རིན་དེ་རང་ཉིད་ཀྱིས་སྔོན་ལ་སྔ་འདོན་བྱེད་རྒྱུ་དང་།སྨན་ཁང་ནས་དོན་རྗེས་གོ་ཆོད་སྤ་སེ་དང་།ལག་ཁྱེར།དེ་བཞིན་འབྲེལ་ཡོད་སྨན་བཅོས་ར་སྤྲོད་དཔང་ཡིག་འཁྱེར་ནས་ཐེམ་ཐོ་གནས་སའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ལ་སྨན་རིན་རྩིས་ཞུ་བྱ་རྒྱུ།དེ་ཡང་སྨན་ཁང་དུ་ཞག་སྡོད་སྨན་བཅོས་མ་ཞུགས་ནས་ཉིན་5ཡི་ནང་ཚུན་དུ་གཅིག་གྱུར་གྲབས་གསོག་འཆར་འགོད་ས་ཁུལ་གྱི་རྫོང་རིམ་པའི་ཞིང་འབྲོག་པའི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ལ་སྙན་སེང་ཞུ་དགོས།རྫོང་རིམ་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ཀྱིས་འགྲོ་གྲོན་རྩིས་ཞུའི་ཁ་གསབ་གཉེར་སྒྲུབ་བྱེད་པའི་དུས་ཚོད་རིང་ཤོས་ལ་ཟླ་བ་༣ནས་བརྒལ་མི་རུང་།

    25.ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་གཏན་འབེབས་ལྟར་ན་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱེད་མི་རུང་བའི་ཁྱབ་ཁོངས་སུ་གང་དང་གང་ཚུད་ཡོད་དམ།

    ལན་དུ།ཆང་རག་ཚོད་མེད་འཐུང་བ་དང་།རྒྱག་རེས་བརྒྱབ་པ།དུག་འཐེན་པ་བཅས་ཀྱིས་རྐྱེན་ལས་ཐོན་པའི་སྨན་བཅོས་འགྲོ་གྲོན།རང་ཤི་རྒྱག་པ་དང་།རང་གིས་རང་ལུས་ལ་གནོད་སྐྱོན་བཏང་བའི་(སྨྱོ་ནད་ཕུད)རྐྱེན་གྱིས་ཐོན་པའི་སྨན་བཅོས་འགྲོ་གྲོན།འགྲིམ་འགྲུལ་དོན་རྐྱེན་དང་སྨན་བཅོས་དོན་རྐྱེན་སོགས་བྱུང་སྟེ་ཕྱོགས་གསུམ་པས་འགན་འཁུར་དགོས་པའི་སྨན་བཅོས་འགྲོ་གྲོན།རྣམ་པ་མཛེས་བཟོའམ་ཡང་ན་བྱད་བཞིན་གཤགས་བཅོས་མཛེས་བཟོ་བྱས་པ་སོགས་གཞི་རྩའི་སྨན་བཅོས་མིན་པའི་སྨན་བཅོས་འགྲོ་གྲོན།སོ་ཚབ་བསྒར་བའི་འགྲོ་གྲོན།རང་འཚམས་ཀྱིས་ཉོ་སྒྲུབ་བྱས་པའི་སྨན་རིགས་དང་།འཚོ་བཅུད་མཁོ་རྫས།བདེ་སྲུང་མཁོ་རྫས་བཅས་ཉོས་པའི་འགྲོ་གྲོན།དམག་བསྡུ་དང་།ལས་ཀར་བསྡུ་འཇུགསློབ་ཞུགས་བཅས་ཀྱི་གཟུགས་གཞིར་བརྟག་དཔྱད་བྱེད་རིན་དང་།འགྲིམ་འགྲུལ་ལམ་དངུལ།(སྦྲུམ་མ་སྨན་ཁང་དུ་སྐྱེལ་བ་དང་མྱུར་སྐྱོབ་ཕུད) ལས་ཐོག་རྨས་སྐྱོན་གྱི་འགན་བཅོལ་ཐེབས་རྩ་ནས་གཏོང་དགོས་པའི་སྨན་རིན།དམིགས་འཛུགས་མིན་པའི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱས་པའི་འགྲོ་གྲོན།ཕྱི་རྒྱལ་དུ་སྨན་བཅོས་བྱས་པའི་འགྲོ་གྲོན།སྨན་བཅོས་འགྲོ་གྲོན་དེ་ཁྲིམས་ལུགས་ལྟར་ཕྱོགས་གསུམ་པས་འགན་འཁུར་དགོས་རུང་དེ་གཏན་འཁེལ་བྱེད་ཐབས་བྲལ་རིགས་ལ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩ་ནས་གཏན་འབེབས་ལྟར་རྩིས་ཞུ་ཁ་གསབ་བྱེད་རྒྱུ།

    26.རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ནད་གཞིས་རྐྱེན་པས་ནད་བརྟག་སྨན་བཅོས་དང་སྨན་ཁང་སྒྱུར་སྤོ་དགོས་ཚེ་ཆ་རྐྱེན་གང་ཞིག་ཚང་དགོས་སམ།

    ལན་དུ།ནད་གཞིར་བརྟག་དཔྱད་གསལ་པོ་མ་བྱུང་བ་དང་སྨན་བཅོས་ཀྱི་ཕན་འབྲས་མ་ཐོན་པ།སྨན་བཅོས་ཀྱི་ཆ་རྐྱེན་མི་ལྡན་པའམ་ཡང་ན་ནད་གཞི་ཚབས་ཆེན་བཅས་ཀྱིས་རྐྱེན་པས་རིམ་པ་གོང་མའི་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་དེ་ལས་ལྷག་པའི་བརྟག་ཞིབ་དང་སྨན་བཅོས་བྱ་དགོས་ངེས་ཡིན་པ།རྫོང(གྲོང་ཁྱེར་དང་ཆུས) གི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ཀྱིས་ཞིབ་བཤེར་དཔྱད་འབེབས་བྱས་ནས་མོས་མཐུན་བྱུང་བ།ཞིང་འབྲོག་མང་ཚོགས་ཀྱི་ནད་གཞི་ཛ་དྲག་པ་དང་།ཉེན་ཚབས་ཆེ་བ་སོགས་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་བརྟག་བཅོས་དང་སྨན་ཁང་དུ་སྒྱུར་སྤོས་བྱས་ནས་སྨན་བཅོས་བྱེད་དགོས་རིགས་རྫོང་(གྲོང་ཁྱེར་དང་ཆུས)དང་ཤང་།( གྲོང་རྡལ) གི་དམིགས་འཛུགས་སྨན་བཅོས་ལས་ཁུངས་ནས་ངེས་པར་དུ་དུས་ཐོག་བརྟག་བཅོས་བྱེད་པར་སྒྱུར་སྤོ་བྱེད་དགོས་པ་ལས་ནར་འགྱངས་གཏོང་མི་ཆོག་པ་མ་ཟད།(གྲོང་ཁྱེར་དང་ཆུས)སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ལ་གསལ་བཤད་ཞུས་ནས་ཞིབ་དཔྱད་ཡོང་བ་བྱེད་དགོས།

    27.ཞིང་འབྲོག་མང་ཚོགས་སྨན་ཁང་དུ་བསྡད་པའི་སྨན་བཅོས་འགྲོ་གྲོན་དང་དམིགས་བསལ་ནད་རིགས་ཀྱི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་དག་ནད་ཆེན་རིགས་ཀྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་ལས་གྲངས་མཐོ་ཤོས་ག་ཚོད་རྩིས་ཞུ་བྱེད་ཆོག་གམ།

    ལན་དུ།མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་སྨན་ཁང་དུ་བསྡད་པའི་སྨན་བཅོས་འགྲོ་གྲོན་དང་དམིགས་བསལ་ནད་རིགས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་དག་ནད་ཆེན་རིགས་ཀྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་ལས་གྲངས་མཐོ་ཤོས་སྒོར་ཁྲི་6རྩིས་ཞུ་བྱེད་ཆོགདམིགས་བསལ་ནད་རིགས་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་དང་སྨན་ཁང་དུ་བསྡད་པའི་སྨན་བཅོས་འགྲོ་གྲོན་དག་ལྷན་དུ་ལོ་དེའི་ཆེས་མཐོ་ཤོས་ཀྱི་རྩིས་ཞུའི་གྲངས་ཚད་དུ་བརྩི་གི་ཡོད།

    28.རང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སུ་རྩིས་ཞུ་བྱེད་ཚད་དངུལ་གྲངས་མཐོ་ཤོས་ཀྱི་ཚད་གཞི་གཏན་འཁེལ་བྱེད་དགོས་དོན་གང་ཡིན་ནམ།

    ལན་དུ།ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་ཤིག་ཡིན་པའི་ཆ་ནས།མིག་སྔར་ཐེབས་རྩ་གྲབས་གསོག་བྱེད་ཚད་མཐོ་པོ་མིན་པ་དང་།རྩིས་ཞུའི་ནུས་ཚད་ངེས་ཅན་ཞིག་ཡིན་པས།གལ་ཏེ་རྩིས་ཞུ་བྱེད་ཚད་དངུལ་གྲངས་མཐོ་ཤོས་ཀྱི་ཚད་གཞི་གཏན་འཁེལ་མེད་ཚེ།མི་ཉུང་ཤས་ཤིག་གི་མཐོ་དྲགས་པའི་སྨན་བཅོས་འགྲོ་གྲོན་དེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་རྩིས་ཞུའི་ནུས་ཚད་ལས་བརྒལ་ཏེ།རྩིས་ཞུ་བྱ་ཐབས་བྲལ་ཏེ་མཐའ་མཇུག་ཕྱོགས་ཡོངས་ཀྱི་ལམ་ལུགས་རྩ་བརླག་ཏུ་འགྲོ་བས་སོ།(མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།