དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན། (4)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

        29.ཞིང་འབྲོག་མང་ཚོགས་ལ་ནད་གཞི་ཚབས་ཆེན་ཕོག་ནས་སྨན་བཅོས་འགྲོ་གྲོན་མཐོ་པོ་སླེབས་ཚེ་ཇི་ལྟར་བྱ་དགོས་སམ།

    ལན་དུ།རང་ལྗོངས་སུ་ཞིང་འབྲོག་མང་ཚོགས་ལ་ནད་གཞི་ཚབས་ཆེན་ཕོག་ནས་སྨན་བཅོས་འགྲོ་གྲོན་མཐོ་པོ་སླེབས་མཁན་ལ།ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་རྒྱུན་གཏན་ལྟར་རྩིས་ཞུ་ཁ་གསབ་ཞུས་རྗེས་ཞིང་འབྲོག་མང་ཚོགས་ཀྱི་ནད་ཆེན་རིགས་ཀྱི་སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ཁ་གསབ་བྱ་རྒྱུའི་སྙན་ཞུ་འབུལ་ཆོགམིག་སྔར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལས་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་6རྩིས་ཞུ་བྱེད་ཆོག་པ་དང་།ཞིང་འབྲོག་མང་ཚོགས་ཀྱི་ནད་ཆེན་རིགས་ཀྱི་སྨན་བཅོས་འགན་བཅོལ་ལས་དངུལ་གྲངས་མཐོ་ཤོས་ཁྲི་7རྩིས་ཞུ་བྱེད་ཆོག

        30.ཞིང་འབྲོག་མང་ཚོགས་ཀྱི་ནད་ཆེན་རིགས་ཀྱི་སྨན་བཅོས་འགན་བཅོལ་ཞེས་པ་གང་ལ་བརྗོད་དམ།

    ལན་དུ།ཞིང་འབྲོག་མང་ཚོགས་ཀྱི་ནད་ཆེན་རིགས་ཀྱི་སྨན་བཅོས་འགན་བཅོལ་ནི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་རྨང་གཞིའི་སྟེང་།ནད་གཞི་ཚབས་ཆེན་ཕོག་ནས་སྨན་བཅོས་འགྲོ་གྲོན་མཐོ་པོ་སླེབས་མཁན་ལ་སྔར་ལས་ལྷག་པའི་སྨན་བཅོས་འགན་སྲུང་ཡོང་ཕྱིར་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཞིག་སྟེ།དེས་སྔར་ལས་ལྷག་པའི་འགན་སྲུང་ཕན་འབྲས་མངོན་ཐུབ་ལ།དེ་ནི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་ཐབས་ཤིག་དང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཕན་འབྲས་ཆེ་བའི་ཁ་གསབ་ཅིག་ཀྱང་ཡིན།

        31.རང་ལྗོངས་སུ་ལོ་ག་དུས་སུ་འགོ་བཙུགས་ནས་ནད་ཆེན་རིགས་ཀྱི་སྨན་བཅོས་འགན་བཅོལ་སྤེལ་ཡོད་དམ།

    ལན་དུ།2011ལོའི་ཟླ་7པ་ནས་འགོ་བརྩམས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ལོ་རེར་མ་དངུལ་འབོར་ཆེན་བཏང་ནས་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཚོང་དོན་སྨན་བཅོས་འགན་བཅོལ་ཉོ་སྒྲུབ་ཀྱིས་ཞིང་འབྲོག་མང་ཚོགས་ལ་ནད་ཆེན་རིགས་ཀྱི་སྨན་བཅོས་འགན་བཅོལ་ལག་བསྟར་བྱས་ཡོད།ལག་བསྟར་བྱས་པའི་ལོ་གསུམ་རིང་ཕན་ནུས་ལྡན་པའི་སྒོ་ནས་ཞིང་འབྲོག་པའི་ནད་ཆེན་རིགས་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་བཏང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་བཅས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ཡོད།

        32.རང་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ལ་འགན་འཁྲི་གང་དང་གང་ཡོད་དམ།

    ལན་དུ།ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་དང་།《བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་བྱ་ཐབས》གཞིར་བཟུང་ལས་ཀའི་ཇུས་གཞི་དང་།ལས་ཀའི་ལམ་ལུགས།ལས་ཀའི་བརྒྱུད་རིམ་བཅས་བཟོ་དགོས་པ་མ་ཟད།ལག་བསྟར་སྒྲིག་འཛུགས་བྱེད་རྒྱུ།སྨན་བཅོས་ཐེབས་རྩ་གྲབས་གསོག་ཀྱི་སྒྲིག་འཛུགས་བྱེད་རྒྱུ།རྫོང(གྲོང་ཁྱེར་དང་ཆུས)ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐེབས་རྩར་དོ་དམ་བྱེད་རྒྱུ།སྨན་བཅོས་ལག་ཁྱེར་དཔྱད་ཞིབ་བྱས་ནས་སྤྲོད་རྒྱུ།གཏན་འབེབས་གཞིར་བཟུང་སྨན་བཅོས་འགྲོ་གྲོན་དུས་ཐོག་ཏུ་གྲངས་ཚང་རྩིས་ཞུ་བྱེད་རྒྱུ།ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་དང་འཁོར་སྐྱོད་ཀྱི་འབྲེལ་ཡོད་གནས་ཚུལ་བསྡུ་རུབ་དང་།ལེགས་སྒྲིག་དབྱེ་ཞིབ།གོང་འབུལ་ཞུ་བ་བཅས་བྱེད་རྒྱུ།ཞིང་འབྲོག་མང་ཚོགས་ཀྱི་ནད་ཆེན་རིགས་ཀྱི་ཁ་གསབ་ཚོང་ལས་འགན་བཅོལ་གྱི་འབྲེལ་ཡོད་དཔྱད་ཡིག་བསྡུ་རུབ་དང་སྙན་ཞུ་འབུལ་རྒྱུ།སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་ཚང་བའི་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་དཔང་འཛིན་འདོན་པའམ་ཡང་ན་འབྲེལ་ཡོད་ངོ་སྤྲོད་ཡི་གེ་སྤྲོད་རྒྱུ།ཤང(གྲོང་རྡལ)གི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ཀྱི་ལས་ཀར་ལྟ་སྐུལ་དང་།ཞིབ་བཤེར།དཔྱད་གདེང་བཅས་བྱེད་རྒྱུ།གོང་རིམ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བཀོད་སྒྲིག་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་ལས་དོན་གཞན་དག་བསྒྲུབ་རྒྱུ་བཅས་སོ།

        33.རང་ལྗོངས་ཀྱི་ཤང(གྲོང་རྡལ)ཞིང་འབྲོག་ཁུལ་ལ་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ལ་འགན་འཁྲི་གང་དང་གང་ཡོད་དམ།

    ལན་དུ།ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱུ་དང་།རྫོང(གྲོང་ཁྱེར་དང་ཆུས)གི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ནས་བཟོས་པའི་ལས་ཀའི་ཇུས་གཞི་དང་།ལས་ཀའི་ལམ་ལུགས།ལག་བསྟར་སྒྲིག་འཛུགས་བྱེད་རྒྱུ།ཤང(གྲོང་རྡལ)དེ་གའི་ཞིང་འབྲོག་མང་ཚོགས་སྨན་བཅོས་ཐེབས་རྩ་གྲབས་གསོག་བྱེད་པའི་ནང་ཞུགས་རྒྱུར་སྐུལ་སློང་བྱེད་རྒྱུ་མ་ཟད།ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀའི་འགན་འཁུར་བྱ་རྒྱུ།ཞིང་འབྲོག་མང་ཚོགས་མི་སྒེར་ནས་སྐྱེལ་རྒྱུའི་འགྲོ་གྲོན་གྲབས་གསོག་སྐུལ་སློང་བྱེད་རྒྱུ།ཞིང་འབྲོག་མང་ཚོགས་མི་སྒེར་ནས་སྐྱེལ་རྒྱུའི་འགྲོ་གྲོན་གྲབས་གསོག་སྐུལ་སློང་བྱེད་རྒྱུ་མ་ཟད།རྫོང་(གྲོང་ཁྱེར་དང་ཆུས)གི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ལ་དུས་ཐོག་ཏུ་གོང་འབུལ་ཞུ་བའི་ལས་འགན་འཁུར་རྒྱུ།ཞིང་འབྲོག་མང་ཚོགས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོའི་ཐེབས་རྩ་དོ་དམ་བྱེད་རྒྱུ།ཤང་(གྲོང་རྡལ)དེ་གའི་སྨན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་དང་འགྲོ་གྲོན་ལ་ལྟ་སྐུལ་དོ་དམ་བྱས་ནས་དེའི་ཞབས་ཞུའི་ཆ་རྐྱེན་ལེགས་བཅོས་ཟམ་མི་ཆད་པ་བྱེད་རྒྱུ་དང་།ཞབས་ཞུའི་ནུས་པ་དང་།ཆུ་ཚད།སྤུས་ཚད་བཅས་གོང་མཐོར་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས་པ།ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་ཁ་གསབ་གནས་ཚུལ་མངོན་གསལ་སྤྱི་བསྒྲགས་སྤེལ་བའི་ལས་འགན་འཁུར་རྒྱུ།ཤང་གྲོང་རྡལ)དེ་གའི་ཞིང་འབྲོག་མང་ཚོགས་སྒོ་བསྟེན་སྨན་བཅོས་དང་སྨན་ཁང་ལ་བསྡད་པའི་རིན་དངུལ་རྩིས་ཞུ་བྱས་ཚུལ་བསྡོམས་རྩིས་བརྒྱབ་ནས་གོང་འབུལ་ཞུ་བའི་ལས་འགན་འཁུར་རྒྱུ།རྫོང(གྲོང་ཁྱེར་དང་ཆུས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་རྫོང་(གྲོང་ཁྱེར་དང་ཆུས)གི་སྨན་བཅོས་དོ་དམ་གཉེར་སྒྲུབ་ལས་ཁུངས་ཀྱིས་བཀོད་སྒྲིག་བྱེད་པའི་ལས་དོན་གཞན་དག་བསྒྲུབ་རྒྱུ་བཅས་སོ།

        ཆ་ཚང་རྫོགས་སོ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།