རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བའི་རྨང་གཞིའི་ཐོག་2009ལོའི་ཟླ་བཅུ་གཅིག་པ་ནས་2011ལོའི་ཟླ་དང་པོ་བར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཚོད་ལྟའི་ལས་དོན་ཁག་སྤེལ་ཡོད།2010ལོའི་ཟླ་བཅུ་གཅིག་པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ས་ཁུལ)74དེ་དུས་ཡུན་ལོ་གཅིག་དང་ཁག་གཉིས་སུ་དབྱེ་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ཁྱབ་ཁོངས་ནང་བཅུག་པས་རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་ཕྱོགས་ཡོངས་སུ་ཁྱབ་ཐུབ་པ་བྱུང་བ་དང་།2011ལོའི་ཟླ་དང་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱང་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ས་ཁུལ)74རུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་རྒྱལ་ཡོངས་ལས་ལོ་ཕྱེད་ཀྱིས་སྔ་སྣུར་དུ་ལག་བསྟར་བྱས་ཡོད།ད་ཆ་རང་ལྗོངས་སུ་ལམ་ལུགས་དེ་གཉིས་ཁྱོན་ཡོངས་སུ་ཁྱབ་ནས་ལམ་ལུགས་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་གནད་དོན་ཐག་གཅོད་བྱུང་བ་དང་ཆབས་ཅིག་མང་ཚོགས་ཀྱི་རྒན་གསོའི་སེམས་ཁྲལ་བསལ་ཡོད་པ་རེད།
གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་ནས་ལོ་ཤས་སོང་རིང་གི་གནས་ཚུལ་ལ་ལྟ་སྐབས་ལམ་ལུགས་དེ་གཉིས་ལ་གཤམ་གྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཁ་ཤས་ལྡན་པ་སྟེ།
གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཐད་གཅིག་ནི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་ཐོག་ཚོད་ལྟ་བྱེད་སྐབས་ཐེབས་རྩའི་ཐད་རྒྱལ་ཡོངས་སུ་ས་ཁུལ(གྲོང་ཁྱེར)རིམ་པའི་དོ་དམ་སྔོན་ལ་ལག་བསྟར་བྱས་ཤིང་།2011ལོར“གཅིག་གྱུར་ཐོག་བསྡུ་བ་དང་།གཅིག་གྱུར་ཐོག་ཞིབ་རྩིས་རྒྱག་པ།གཅིག་གྱུར་ཐོག་གཏོང་སྤྲོད་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་རང་སྐྱོང་ལྗོངས་རིམ་པའི་དོ་དམ་མངོན་འགྱུར་བྱུང་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཐེབས་རྩའི་ཉེན་འགོག་ནུས་པ་སྔར་བས་ཆེ་རུ་སོང་སྟེ་ལམ་ལུགས་ཐོག་ནས་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་རྒྱུ་འགན་ལེན་བྱུང་ཡོད་པ་དང་།གཉིས་ནི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་ཕྱིན་ཞིང་།གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་གཞི་རྩའི་རྒན་གསོའི་དངུལ་དེ་ལམ་ལུགས་དང་ཐོག་ལག་བསྟར་བྱེད་སྐབས་ཀྱི་མི་རེར་ཟླ་རེར་སྒོར་55ནས་2012ལོ་དང་།2013ལོ།2014ལོ་བཅས་ལོ་གསུམ་བསྟུད་མར་ལེགས་སྒྲིག་བྱས་པ་བརྒྱུད་ད་ཆ་མི་རེར་ཟླ་རེར་སྒོར་120སྤྲོད་ཀྱི་ཡོད།2013ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆ་སྙོམས་ཚད་གཞི་སྒོར་81ཟིན་པ།གསུམ་ནི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་གཞི་རྩའི་རྒན་གསོའི་དངུལ་དེ་གྲངས་ཚང་ངང་སྤྲོད་ཐུབ་པ་བྱས་པ་དང་སྤྲོད་ཚད་100%ཟིན་ཡོད།
གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་ཐད་གཅིག་ནི་2011ལོར་སྔོན་དུ་ལམ་ལུགས་ཁྱབ་ཐུབ་པ་བྱུང་བ་དང་།གཉིས་ནི་གྲྭ་བཙུན་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ལམ་ལུགས་བཙུགས་ནས་རང་ལྗོངས་ཀྱི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ཚང་མ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཁྱབ་ཁོངས་ནང་བཅུག་པས་དགོན་སྡེའི་གྲྭ་བཙུན་གྱི་རྒན་གསོའི་སེམས་ཁྲལ་སེལ་ཐུབ་པ་བྱུང་བ།གསུམ་ནི་མཚོ་བོད་ལྕགས་ལམ་གྱི་ཆེད་བསྐོས་ལམ་སྲུང་བ་གཅིག་གྱུར་ཐོག་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཁྱབ་ཁོངས་ནང་བཅུག་པས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་སྤྱི་ཡོངས་སྒྲོམ་གཞི་རགས་ཙམ་ཆགས་ཡོད།