དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་ཞིང་པ་ལས་མིའི་གླ་ཆ་སྤྲོད་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    ཁོངས་གཏོགས་ཁུལ་གྱི་མི་སྤྱོད་ཚན་པ་དང་ལྷག་པར་དུ་འཛུགས་སྐྲུན་ལས་ཡུལ་གྱི་གླ་ཆ་སྤྲོད་ཚུལ་ཁོང་དུ་ཏན་ཏིག་ཆུད་པ་དང་།ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་སོགས་ཀྱི་གནད་དོན་མི་ཐོན་པ།མི་སྤྱོད་ཚན་པ་དང་ངལ་རྩོལ་པའི་དབར་གྱི་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཤེས་པ་དང་འབྲེལ་ཐག་གཅོད་འོས་འཚམས་བཅས་བྱེད་ཆེད།ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་ཡིག་བསྐུར་ངོ་བཅར་ཅུས་སོགས་སྡེ་ཚན་མང་པོར་གཞོགས་འདེགས་བྱས་ནས་ཁོངས་གཏོགས་ཀྱི་ཞིང་པ་ལས་མིའི་གླ་ཆ་སྤྲོད་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་བྱེད་སྐབས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་མངགས་གཏོང་ཁང་ཁག་གིས་མི་སྤྱོད་ཚན་པ་ཁག་གི་གནས་ཚུལ་གྲལ་བཤེར་གཏིང་ཟབ་བྱས་པ་དང་འཛུགས་སྐྲུན་ཀུང་སི་འབྲིང་ཆུང་རིགས་དང་མི་སྒེར་གྱི་ཁང་པ་མཛེས་བཟོའི་ལས་གྲྭ་སོགས་འཛུགས་སྐྲུན་ལས་ཡུལ་དུ་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟབས་གླ་ཆ་སོགས་ཀྱི་རྐྱེན་ལས་ཐོན་པའི་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཤེས་པ་དང་འབྲེལ་ཐག་གཅོད་ཡག་པོ་བྱས་པ་དང་དྲིལ་བསྒྲགས་ལས་དོན་ནན་ཏན་ངང་བསྒྲུབས་ཏེ་ངལ་རྩོལ་པར་ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་ངལ་རྩོལ་རྩོད་གཞི་ཐག་གཅོད་བྱེད་དགོས་ལུགས་བཤད་པ་རེད།

    ད་རེས་ཁྱོན་བསྡོམས་འཛུགས་སྐྲུན་ཁེ་ལས་120ལ་ཞིབ་བཤེར་བྱས་པ་དང་མི་སྤྱོད་ཚན་པ་479ལ་ཟུར་འཐེན་བྱས་པ་དེ་ངལ་རྩོལ་པ་16197དང་འབྲེལ་བ་ཡོད་པ་རེད།ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་གྲོང་ཁྱེར་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་གཞོགས་འདེགས་བྱས་ཏེ་ངལ་རྩོལ་འགན་སྲུང་བཅའ་ཁྲིམས་ལས་འགལ་བའི་མི་སྤྱོད་ཚན་པ་202ལ་སྔ་རྗེས་སུ《ངལ་རྩོལ་འགན་སྲུང་ཞིབ་བཤེར་བརྟག་དཔྱད་འདྲི་རྩད་བརྡ་ཐོའི་ཡི་གེ》བཀྲམས་པ་དང་ངལ་རྩོལ་འགན་སྲུང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་མི་སྤྱོད་ཚན་པ་15ལ《ངལ་རྩོལ་འགན་སྲུང་ལྟ་ཞིབ་དུས་བཅད་དག་ཐེར་བཀའ་བཀོད་ཡི་གེ》གཤམ་སྤེལ་བྱས་པ་དང་ངལ་རྩོལ་འགན་སྲུང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་ཚབས་ཆུང་ཙམ་འགལ་བའི་འཛུགས་སྐྲུན་ཁེ་ལས་168ལ་ངག་ཐོག་ནས་ཐ་ཚིག་བསྒྲགས་པ་དང་སློབ་གསོ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།