དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-18

    ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་གཉེར་འགོ་ཚུགས་ཤིང་། དུས་ཡུན་ཉིན་5ཡི་གསོ་སྦྱོང་དེར་ལྗོངས་ཡོངས་ཀྱི་སློབ་མ་200ལྷག་ཙམ་ཞུགས་ཡོད་པ་རེད།

    ཐེངས་འདིའི་གསོ་སྦྱོང་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་མཐུན་ཚོགས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད། གསོ་སྦྱོང་གི་ནང་དོན་ལ་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་དངོས་སྦྱོང་རྩལ་ནུས་གཉིས་ཀར་བསམ་བློ་བཏང་ནས་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པའི་ལས་རིགས་ཀུན་སྤྱོད་དང་། སྲིད་ཇུས་ཁྲིམས་སྲོལ། ཚན་རིག་དང་མཐུན་པའི་ལུས་སྦྱོང་གི་རྨང་གཞིའི་མཛུབ་ཁྲིད་ཀྱི་གཞུང་ལུགས་སོགས་ཆེད་ལས་ཤེས་བྱ་བཀོད་སྒྲིག་བྱས་ཡོད་པ་དང་ཆབས་ཅིག མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་དང་ལུས་སྦྱོང་སྐོར་བྲོ་སོགས་ཁྱད་ལྡན་རྩལ་ནུས་ཀྱི་དངོས་སྦྱོང་སློབ་ཚན་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱིས་གསོ་སྦྱོང་གི་འགན་ལེན་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་སློབ་ཁྲིད་སྤུས་ཚད་ཀྱི་འགག་སྒོ་ནན་པོར་བསྲུངས་ནས་གསོ་སྦྱོང་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པ་དང་ཆབས་ཅིག གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚང་མར་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་སྦྱངས་པ་གོ་ཆོད་ཡོང་བའི་ཁྲིད་སྟོན་བྱས་ཏེ། ཆེད་ལས་སྟོབས་ཤུགས་ལ་བརྟེན་ནས་དམངས་ཡོངས་ལུས་སྦྱོང་གི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།