སློབ་གྲྭའི་ནང་ཚན་རིག་ཁྱབ་གདལ་གཏོང་བར་བྲེལ་བ།

ཟླ་11ཚེས་13ཉིན། ལྷ་སའི་ནག་ཆུ་ཆ་ཚང་སློབ་འབྲིང་གིས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དང་མཉམ་དུ“ཏང་འཛུགས་སྐྱོང་གིས་ཚན་རིག་ཁྱབ་གདལ་དང་དམངས་ལ་ཕན་བདེ་བསྐྲུན་པར་ཁྲིད་སྟོན་བྱེད། ཚན་རིག་ལ་བརྟེན་ནས་ས་མཐོའི་གཞོན་ནུ་ལོ་ཆུང་གི་བློ་སྒོ་འབྱེད”ཅེས་པའི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེས་སྦྲ་ཆེན་རྫོང་དམར་རུ་ཤང་དང་གངས་ཆེན་ཤང་གི་སློབ་མར་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ཞིང་། ས་ཡུལ་དངོས་སུ་སྤྲོ་སྣང་ལྡན་པའི་སློབ་ཚན་དང་། VR མི་མེད་གནམ་གྲུ། ཟླུམ་ཕྱེད་དབྱིབས་ཀྱི་གློག་བརྙན་ཁང་། ཚན་རིག་ཉམས་ཞིབ། མ་དཔེ་འགྲེལ་བཤད་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད།འདི་ནི་ལས་དོན་པས་སློབ་མར་སྒྲིག་ཆས་ལེགས་སྒྲིག་བྱས་ནས་VRལག་རྩལ་ཉམས་ལེན་བྱེད་དུ་འཇུག་བཞིན་པ།
འབྲེལ་ཡོད་གསར་འགྱུར།