དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • པ་སྣམ་རྫོང་གི་གནོད་མེད་སྔོ་ཚལ་ལྷ་སའི་རིགས་འབྲེལ་སྒོ་རྩིས་ཚོང་ཁང་ནས་འཚོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    ཉེ་ཆར། རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་སྣེ་ཁྲིད་མཐུན་སྦྱོར་འོག པ་སྣམ་རྫོང་གི་གནོད་མེད་སྔོ་ཚལ་ལྷ་སའི་པའེ་དབྱི་རིགས་འབྲེལ་སྒོ་རྩིས་ཚོང་ཁང་ནས་འཚོང་འགོ་ཚུགས་པ་དེ་ལས་རྫོང་དེའི་སྤུས་ལེགས་ཞིང་ལས་ཐོན་རྫས་ལྷ་སའི་ཁྲོམ་རར་རྒྱུན་རྣམ་ཅན་གྱི་སྒོ་ནས་འདོན་ཐུབ་པ་མཚོན་གྱི་ཡོད།

    པ་སྣམ་རྫོང་གི་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་ཀྱི“གཙོ་ཤུགས་དམག”ཡིན་པའི་གནོད་མེད་སྔོ་ཚལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་མུའུ་3200ལྷག་ཙམ་ཟིན་པའི་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་གཉེར་སྐྱོང་དོ་དམ་བྱས་ཏེ། པ་སྣམ་གྱི་སུར་པན་དང་། པ་སྣམ་གྱི་ཤིས་ཀྭ པ་སྣམ་གྱི་ཞང་ཀྭ་བཅས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ལ་གཏན་འཁེལ་བྱས་པའི་ཐོན་རྫས་3འདེབས་བཞིན་ཡོད། ཤིང་འབྲས་དང་སྔོ་ཚལ་སོས་པོ་ཡོང་བར་འགན་ལེན་བྱ་ཆེད། པ་སྣམ་རྫོང་གིས་ཁེ་ལས་དེར་བརྟེན་ནས་ཤིང་འབྲས་དང་སྔོ་ཚལ་འཐུ་བ་དང་། དབྱེ་གསེད། སྤུས་བཤེར། གྲང་ཕྲེང་སྡེབ་སྐྱེལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུའི་མ་ལག་བསྐྲུན་ཏེ་བར་བརྒྱུད་ལྷུ་ཚིགས་ཉུང་དུ་བཏང་བས། ཤིང་འབྲས་དང་སྔོ་ཚལ་སྤུས་ལེགས་དག་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་ལྷ་སའི་ཁྲོམ་རར་འདོན་ཐུབ་ཡོད།

    ད་ཐེངས་ཞིང་དུད་དང་སྒོ་རྩིས་ཚོང་ཁང་སྦྲེལ་མཐུད་བདེ་བླག་ཐུབ་པ་ལས། པ་སྣམ་རྫོང་གི་གནོད་མེད་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱ་ཡུལ་ཉུང་བ་དང་གཅིག་སྡུད་ཁྲོམ་རར་བྲིན་ཁ་མི་རྒྱུག་པ་སོགས་ཀྱི་འཕེལ་རྒྱས་ཀྱི་དཀའ་གནད་ནུས་ལྡན་སེལ་བ་དང་། ཕྱིར་ཚོང་ཁྲོམ་ར་རྒྱ་ཆེ་རུ་ཏན་ཏིག་ཕྱིན་པ། “པ་སྣམ་གྱི་སྔོ་ཚལ”གྱི་ཁྱད་ལྡན་ཞིང་ལས་སྤུས་རྟགས་ཀྱི་སྐད་གྲགས་སྔར་བས་ཆོད་པ་བཅས་བྱུང་སྟེ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་རྒྱུན་མཐུད་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།