རང་ལྗོངས་ཀྱི་ཚན་རྩལ་དངུལ་བུན་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱུང་བ།
འདི་ལོ་ཚུན་དུ་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིར་ཚན་རྩལ་རྣམ་པའི་ཁེ་ལས་ལ་ཡིད་རྟོན་ཞིབ་མཆན་འགོད་པ་དང་ཁོ་ཚོའི་ཐོན་རྫས་ལ་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བར་ཁྲིད་སྟོན་བྱས་ནས་དངུལ་རྩའི་ཐོན་ཁུངས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཚན་རྩལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1728.96ཟིན་པ་དེ་དུས་མཚུངས་ལས་21.64%འཕར་ནས་དངུལ་བུན་ཁག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་3.88ཀྱིས་མཐོ་བ་ཡོད་པ་རེད། དེའི་ནང་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་དངུལ་བུན་སྒོར་དུང་ཕྱུར་1191.86ཟིན་པ་དེ་དུས་མཚུངས་ལས་24.92%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།