སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་བ།

འདི་ནི་སློབ་མ་ཚོས་རོལ་ཆ་ཀུའུ་ཀྲེང་གི་སྲོལ་རྒྱུན་དམངས་ཁྲོད་རོལ་དབྱངས་ཀྱི་ཁྱད་ལྡན་སློབ་ཚན་སློབ་ཁྲིད་ཀྱི་གྲུབ་འབྲས་གཟིགས་འབུལ་ཞུ་བཞིན་པ།
ཉེ་ཆར། ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ལྷན་ཚོགས་དང་། ས་མཐོའི་སེ་འབྲུ་དམར་པོའི་ཀྲེན་ཅང་དཔེ་སྟོན་རྟེན་གཞི། བོད་ལྗོངས་གཞུང་ཁོངས་རྒྱུ་ནོར་དོ་དམ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་བའི”འབྲི་ཆུའི་ལྷོ་རྒྱུད་མཛེས་ལྗོངས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་བོད་དུ་ཁྱབ་སྤེལ་གྱི་སྤྱི་ཕན་སློབ་ཁྲིད་དུས་ཐེངས་ལྔ་པའི་སློབ་མཇུག་འགྲིལ་བའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་ཆུང་གཉིས་པར་སྤེལ་ཞིང་། ད་རེས་ཀྲེན་ཅང་གི་མངོན་མིན་རིག་གནས་ཤུལ་བཞག་གི་དགེ་རྒན་8བོད་དུ་ཡོང་ནས་དུས་ཡུན་ཟླ་ཕྱེད་ཙམ་གྱི་རིང་དེ་གའི་སློབ་མ་ཚོར་རོལ་ཆ་ཀུའུ་ཀྲེང་དང་ཐའེ་ཅི་དྲག་རྩལ་སོགས་སྤྱི་ཕན་གྱི་རྒྱལ་ཁབ་ཉིང་བཅུད་སློབ་ཚན་ཁྲིད་དེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་གངས་ལྗོངས་ལོ་ཆུང་གི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།