དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཧྭ་ཤིས་ཁ་ནད་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས།

    མཚོ་སྣར་སྐོར་སྐྱོད་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-02

    ཉིན་ཤས་གོང་སི་ཁྲོན་སློབ་ཆེན་ཧྭ་ཤིས་ཁ་ནད་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས་མཚོ་སྣ་གྲོང་ཁྱེར་གྱི་ཤང་གྲོང་ཁག་དང་། སློབ་གྲྭ དེ་བཞིན་དམག་སྒར་བཅས་སུ་བསྐྱོད་དེ་ཁ་ནད་ཀྱི་སྐོར་སྐྱོད་སྨན་བཅོས་བྱས་ནས། མཐའ་མཚམས་འཐབ་ས་དང་པོར་སྤུས་ལེགས་ཀྱི་ཁ་ནད་སྨན་བཅོས་ཞབས་འདེགས་ཞུས་པ་རེད།

    མཚོ་སྣ་གྲོང་ཁྱེར་གྱི་རྒྱ་ཆེའི་མང་ཚོགས་ཀྱི་སོ་རུལ་བ་དང་སོ་སྙིང་གཉན་ཚད་སོགས་མཐོང་མང་བའི་ཁ་ནད་ལ་དམིགས་ཏེ། རིགས་གཅིག་མཁས་ཅན་གྱིས་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་སྨན་བཅོས་བྱས་པར་རིམ་རྩིས་བརྒྱབ་ན། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་200ལྷག་ཙམ་ལ་ཁ་ནད་སྨན་བཅོས་ཞབས་འདེགས་ཞུས་ཡོད། རོགས་སྐྱོར་གྱིས་ལག་རྩལ་སློབ་པ་དང་མཐུན་རྐྱེན་སྦྱོར་བ་གཙོ་གནད་དུ་བཟུང་ཞིང་། རིགས་གཅིག་མཁས་ཅན་ཚོགས་པས་སྨན་བཅོས་བརྒྱུད་རིམ་དང་། སྨན་ཁང་ནང་གི་འགོས་འགོག སྒོ་བསྟེན་ཞབས་ཞུ་ཚད་ལྡན་སོགས་ཐད་ཀྱི་མཚོ་སྣ་གྲོང་ཁྱེར་གྱི་གཞི་རིམ་གྱི་ཁ་ནད་སྨན་པའི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། སྨན་བཅོས་བརྒྱུད་རིམ་ཁྲོད་དམར་ཁྲིད་བྱེད་པ་དང་། ས་གནས་ས་ཐོག་ཏུ་ནད་དཔེར་དབྱེ་ཞིབ་བྱེད་པ། ངོ་གཏུག་གདོང་འཕྲད་ངང་དོགས་གནད་སེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད། ས་གནས་དེ་གའི་སྨན་པར་སྨན་བཅོས་བརྒྱུད་རིམ་ཚད་ལྡན་དུ་གཏོང་བར་མཛུབ་ཁྲིད་བྱས་ནས་ཁ་ནད་སྨན་བཅོས་ཞབས་ཞུ་དུས་ཐུང་གི་གཞན་སྐུལ་རོགས་སྐྱོར་ནས་ཕུགས་ཕན་གྱི་རང་འགུལ་འཕེལ་རྒྱས་ལ་སྒྱུར་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།