དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མཚོ་སྨད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་9ལ་པོ་ཀྲོའུ་གྲོང་ཁྱེར་ནས་ལས་ཀ་རག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-22

    ཉེ་ཆར། ཨན་ཧུའེ་པོ་ཀྲོའུ་གྲོང་ཁྱེར་ཆའོ་གྲོང་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཡོད་པའི་པོ་ཀྲོའུ་ལེན་ཐའོ་གློག་རྡུལ་ཚད་ཡོད་ཀུང་སིར་ལས་ཀ་རག་ནས་དངོས་སུ་ལས་གནས་ཐོག་སླེབས་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་9ནི་པོ་ཀྲོའུ་དང་མཚོ་སྨད་ཀྱིས་ངལ་ལས་མཉམ་སྒྲུབ་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བའི་ལག་ལེན་པ་དང་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2002ལོར་པོ་ཀྲོའུ་གྲོང་ཁྱེར་དང་མཚོ་སྨད་རྫོང་དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཚུན། ས་ཆ་གཉིས་པོའི་མི་སྤྱི་སྡེ་ཚན་གྱིས་ལས་གནས་སྦྲེལ་མཐུད་དང་ལས་ཞུགས་ཞབས་ཞུ་སོགས་ལ་དམ་པོར་དམིགས་ནས་མཉམ་ལས་བྱས་ཤིང་། ད་ལོའི་ཟླ་བརྒྱད་པར། མཚོ་སྨད་རྫོང་གིས“མི་རིགས་མཐུན་སྒྲིལ་དང་ལས་ཞུགས་མཉམ་སྐྱོད”ཅེས་པའི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་གཉེར་བར། པོ་ཀྲོའུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་པོ་ཀྲོའུ་ལེན་ཐའོ་གློག་རྡུལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་6སྒྲིག་འཛུགས་བྱས་ཏེ། དྲ་ཐོག་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པའི་ངལ་ནུས་ལྷག་མར་དམིགས་ནས་ཁྱོན་ལས་གནས་166མཁོ་འདོན་བྱས་པ་རེད། ས་ཆ་གཉིས་པོའི་མི་སྤྱི་སྡེ་ཚན་གྱིས་ཁེ་ལས་ཁག་གི་མི་སྤྱོད་དགོས་མཁོ་དང་། གླ་ཕོགས། ཞག་སྡོད་ཆ་རྐྱེན་བཅས་སྦྲེལ་མཐུད་བྱས་པ་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མ་9པོ་ཀྲོའུ་གྲོང་ཁྱེར་དུ་ལས་ཞུགས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།