ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བདེ་སྲུང་ཤེས་བྱ་འཆད་ཁྲིད་དང་བདེ་ཐང་གི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ཧྲང་ཧའེ་རུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁང་དང་ཤིས་ཨན་དུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁང་དང་མཉམ་དུ། སྨན་བཅོས་རིགས་གཅིག་མཁས་ཅན་22གདན་དྲངས་ནས་རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་བདེ་སྲུང་ཤེས་བྱ་འཆད་ཁྲིད་དང་བདེ་ཐང་གི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་འཆད་ཁྲིད་དང་འོས་འགན་སྨན་བཅོས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ། བློ་མཐུན་རྒན་གྲས་ལ་ཕྱོགས་ནས་བདེ་ཐང་གི་ཚན་རིག་ཤེས་བྱ་ཁྱབ་སྤེལ་བྱས་པ་མ་ཟད། ད་དུང་ས་ཡུལ་དངོས་སུ་ཆེད་ལས་ཀྱི་ནད་བརྟག་སྨན་བཅོས་མཛུབ་ཁྲིད་ཀྱང་བྱས་ནས། བློ་མཐུན་རྒན་གྲས་ཀྱི་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད། ས་ཁུལ་དང་གྲོང་ཁྱེར་བདུན་དང་ལྗོངས་ཐད་གཏོགས་ཚན་པའི་ལྷ་སའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཐུས་མི་དང་རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ལས་བཟོ་བ་ཁྱོན་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།