ས་མཐོའི་ཁུལ་གྱི་གྲོང་མིའི་བཟའ་བཅའི་འཚོ་བཅུད་དང་བདེ་ཐང་ལེགས་སུ་གཏོང་བའི་བགྲོ་གླེང་ཚོགས་འདུ་འཚོཌ་པ།
ཉེ་ཆར། ཞིང་ལས་གྲོང་གསེབ་པུའི་བཟའ་བཅའ་དང་འཚོ་བཅུད་འཕེལ་རྒྱས་ཞིབ་འཇུག་སུའོ་དང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་བོད་ལྗོངས་ལྷ་སར་ས་མཐོའི་ཁུལ་གྱི་གྲོང་མིའི་བཟའ་བཅའི་འཚོ་བཅུད་དང་བདེ་ཐང་ལེགས་སུ་གཏོང་བའི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། བགྲོ་གླེང་ཚོགས་འདུའི་ཐོག་ས་མཐོའི་གྲོང་མིའི་བཟའ་བཅའི་འཚོ་བཅུད་དང་བདེ་ཐང་ལེགས་སུ་གཏོང་བར་གཞིགས་ཏེ་ཆེད་དོན་ལས་ཀའི་ཕན་འབྲས་དང་། ཉམས་མྱོང་ཁྱབ་གདལ། ཞན་ཆ་དང་འགྲན་སློང་། གོམ་སྟབས་རྗེས་མའི་སྐུལ་སྤེལ་བསམ་ཕྱོགས་སོགས་ལ་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
ཚོགས་འདུའི་ཐོག བོད་ཀྱི་གྲོང་མིའི་བཟའ་བཅའི་འཚོ་བཅུད་དང་བདེ་ཐང་ལེགས་སུ་གཏོང་བའི་ཆེད་དོན་ལས་དོན་ཐད་མཉམ་སྒྲུབ་ལམ་སྲོལ་བཙུགས་པས་ཚན་རིག་དང་མཐུན་པའི་སྐུལ་སྤེལ་བསམ་ཕྱོགས་གྲུབ་པ་དང་། ཞིབ་འཇུག་སྙན་ཞུ་དང་ཕྱོགས་སྟོན་འཆར་འགོད་རབ་དང་རིམ་པ་སྒྲིག་བཟོ་ཐུབ་པ། ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་རབ་དང་རིམ་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་ཐུབ་པ། གྲོང་ཚོ་ཧྲིལ་པོར་ཚོད་ལྟའི་དཔེ་སྟོན་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཁྲིད་སྟོན་ཐུབ་པ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་གྲུབ་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།
ཚོགས་ཞུགས་མི་སྣས། ས་མཐོའི་བཟའ་བཅའི་འཚོ་བཅུད་དང་བདེ་ཐང་ལེགས་སུ་གཏོང་བ་ནི་རྨང་གཞིའི་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་ཞིག་ཡིན་པས། “བཟའ་བཅས་འཚོ་བཅུད་མཁོ་འདོན་དང་། འཚོ་བཅུད་ཀྱིས་བདེ་ཐང་ལེགས་སུ་གཏོང་བ། བདེ་ཐང་གིས་འཛད་སྤྱོད་ལ་སྣེ་ཁྲིད། འཛད་སྤྱོད་ཀྱིས་ཐོན་སྐྱེད་ལ་ཁྲིད་སྟོན། ཐོན་སྐྱེད་ཀྱིས་མཁོ་སྤྲོད་འགན་སྲུང”བཅས་ཀྱི་འདུ་ཤེས་ལ་བརྩི་སྲུང་ཞུ་བ་དང་། གོང་འོག་མཉམ་སྒྲུབ་ཀྱི་སྒྲིག་འཛུགས་སྐུལ་སྤེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་མཁོ་སྤྲོད་དང་། ཚན་ཞིབ་འགག་སྒྲོལ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བཅུད་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
ཞིང་ལས་གྲོང་གསེབ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ་བ་རེད། སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན། ཤིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ལས་དོན་སྐོར་ལ་སྤེལ་རེས་བྱས་པ་དང་། འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་དང་། མཐོ་སློབ། སྨན་ཁང་བཅས་ཀྱི་རིགས་གཅིག་མཁས་ཅན་དང་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་བགྲོ་གླེང་ལ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།