ཀྲུང་གོ་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེན་པོ(2026)བོད་རང་སྐྱོང་ལྗོངས་ཀྱི་བསྐྱར་འགྲན་དང“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་འགྲུལ་བཞུད”བྱེད་སྒོ་སྤེལ་འགོ་ཚུགས་པ།
ཚེས་13ཉིན། ཀྲུང་གོ་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེན་པོ(2026)བོད་རང་སྐྱོང་ལྗོངས་ཀྱི་བསྐྱར་འགྲན་དང“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་འགྲུལ་བཞུད” བྱེད་སྒོ་ལྷ་སར་འགོ་ཚུགས་པ་དང་འགྲན་བསྡུར་གཉེར་ཡུན་ཉིན་4ཡིན་པ་རེད།
ད་ཐེངས་ཀྱི་བསྐྱར་འགྲན་ནི་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སློབ་ཆེན་གྱིས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། “ངས་བྱེད་ཕོད་ལ་གསར་གཏོད་ཀྱང་བྱེད་ཐུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ལྗོངས་ཡོངས་ཀྱི་གཞོན་ནུ་སློབ་གྲྭ་ཆེ་མོ་བའི་གསར་སྐྲུན་གསར་གཏོད་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་སྤེལ་རེས་ལས་སྟེགས་བསྐྲུན་པས་འགྲན་བསྡུར་གྱིས་སློབ་གསོར་སྐུལ་འདེད་དང་། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད། འགྲན་བསྡུར་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་བཅས་གཏོང་རྒྱུ་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།