དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོས་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་ཐེངས་35པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-15

    ཉེ་ཆར། བོད་ལྗོངས་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཏང་ཀྲི་པུའུ་བཞི་པས་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་ཐེངས་35པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། “བསམ་ཤེས་དང་། དང་ལེན། བསྟུན་མཁས། རོགས་རེས”བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གཏོད་རྒྱུར་རམ་འདེགས་བྱས་ཏེ་སེམས་ཁམས་བདེ་ཐང་དམངས་ཡོངས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བར་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་སེམས་ཁམས་ཚན་ཁག་གི་སྨན་དོན་མི་སྣས་བློ་འདྲིར་སླེབས་པའི་གྲོང་མིར་ལན་བརྒྱབ་པ་མ་ཟད། སེམས་ཁམས་འཕྲོད་བསྟེན་ཤེས་བྱ་དང་། སྨྱོ་ནད་ཕོག་པའི་ནད་པར་ཁྱིམ་དུ་ནད་གཡོག་རྒྱུག་སྟངས། བྱིས་པའི་སེམས་ཁམས་བདེ་ཐང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞི་སོགས་དྲིལ་བསྒྲགས་དཔྱད་གཞི་དང་། དེ་བཞིན་སེམས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་སྒྲིག་ཆས་དང་སྨན་སྒམ་སོགས་ལག་རྟགས་ཆུང་ངུའང་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།