“གཞི་རིམ་ལ་ཕན་འདོགས་པ། འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་སྤྱི་ཕན་བྱེད་སྒོའི”བོད་ལྗོངས་ས་ཚིགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ།
ཉེ་ཆར། ཀྲུང་ཧྭ་གསོ་རིག་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་གསོ་རིག་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“གཞི་རིམ་ལ་ཕན་འདོགས་པ། འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་སྤྱི་ཕན་བྱེད་སྒོའི”བོད་ལྗོངས་ས་ཚིགས་ཀྱི་རོགས་སྐྱོར་རིམ་སྤེལ་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་སུ་སྔ་རྗེས་སུ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་བདེ་ཐང་ཀྲུང་གོའི་འཐབ་ཇུས་དང“གཞི་རིམ་སྟོབས་ཆེར་གཏོང་བའི”སྨན་བཅོས་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་བྱས་ནས། བོད་ཀྱི་གཞི་རིམ་གྱི་འགོ་ནད་དང་མཆིན་ནད་ཀྱི་ཆེད་བཅོས་ཚན་ཁག་གི་ནུས་པའི་ཞན་ཆ་བསལ་ཏེ་རྒྱལ་ཁབ་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་ཆེད་རེད།
ད་ཐེངས་ཀྱི་རིམ་སྤེལ་སྤྱི་ཕན་བྱེད་སྒོའི་དཔུང་སྟོབས་དབང་གྲགས་ལྡན་ལ་ཁྱབ་རྒྱ་ཆེ་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཧྲི་ལེའི་ཚོགས་པས་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་ཧྭ་ཧྲན་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཀྲང་ཝུན་ཧུང་གི་ཚོགས་པ་དང་། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་དགེ་རྒན་ཆེ་མོ་བ་རའོ་ཧུའེ་དབྱིང་གི་ཚོགས་པ། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་ལྔ་པའི་ཡོན་ཧྲི་ཝང་ཕུའུ་ཧྲེང་གི་ཚོགས་པ་བཅས་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་རྫོང་དང་ཆུས་ཁག་གི་གཞི་རིམ་དུ་སྔ་རྗེས་སུ་བསྐྱོད་དེ་ཆེད་དོན་སློབ་ཁྲིད་དང་། རིག་གཞུང་བགྲོ་གླེང་། ནད་ཐོག་སློབ་ཁྲིད། སྤྱི་ཕན་འོས་འགན་སྨན་བཅོས། རིན་མེད་གྲལ་བཤེར་སྨན་སྤྲོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆེད་ཚན་རོགས་སྐྱོར་གནད་སྨིན་བྱས་པ་དང་ཆབས་ཅིག བོད་ཀྱི་ས་མཐོའི་ནད་གཞིའི་ཁྱད་ཆོས་ལ་དམ་པོར་དམིགས་པ་དང་། གཞི་རིམ་གྱི་སྨན་བཅོས་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་ཀྱིས་འགོས་ནད་དང་མཆིན་ནད་ཀྱི་ཆེད་ཚན་ཆེ་གྲས་གཉིས་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ། གཞི་རིམ་གྱི་སྨན་དོན་པའི་ནད་བརྟག་སྨན་བཅོས་ཀྱི་འདུ་ཤེས་ནུས་ལྡན་ངང་གསར་བརྗེས་དང་། རྒྱུན་ཐོན་ནད་གཞི་དང་ཐོན་མང་བའི་ནད་གཞིའི་སྨན་བཅོས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་རྫོང་ཁོངས་དང་ཤང་དང་གྲོང་རྡལ་གྱི་ཆེད་ཚན་ནུས་པའི་ཞན་ཆ་བསལ་ཡོད།
འབྲེལ་ཡོད་གསར་འགྱུར།