དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འགོ་བརྗོད་པར་རིས།
  • ས་གནས་དེ་གའི་ལེགས་ཆ་ལྡན་པའི་རུ་རྩི་སྣ་ཁ་6གིས་བོད་ཀྱི་རང་བརྟེན་ཞིབ་སྤེལ་གྱི་སྟོང་ཆ་བསྐངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-09

    འདི་ནི་ཚན་ཞིབ་མི་སྣས་མངའ་རིས་ནས་མ་དཔེ་འཚོལ་བསྡུ་བྱེད་བཞིན་པ།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའ་ཚན་རིག་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་བཟའ་བཅའ་བསྙལ་མའི་བཟོ་ལས་ཞིབ་འཇུག་ཁང་དང་མཉམ་དུ་དུས་ཡུན་ལོ་7སྤྱད་ནས་བོད་ཀྱི་ས་གནས་ཁག་ཏུ་བསྐྱོད་དེ་ཞོ་རྩི་དང་། ཕྱུར་རྩི། ཆང་རྩི་སོགས་ཀྱི་ནང་ནས་རུ་རྩི་འཚོལ་ཞིབ་བྱས་པ་དང་། ས་གནས་དེ་གའི་ལེགས་ཆ་ལྡན་པའི་རུ་རྩི་སྣ་ཁ་6བདེ་བླག་ངང་བདམས་ནས་ས་མཐོའི་བྲོ་བ་ལྡན་པའི་ཞོ་བསྙལ་བ་རེད།

    “ལས་དོན་དེ་ནི‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་། ང་ཚོས་ནས་ཆང་གི་ཆང་རྩི་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན་པ་དང་། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་ལ་རྣམ་གྲངས་རེ་ཞུ་བྱས་ནས་བརྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་བྱས་མཐར། ས་མཐོའི་རུ་རྩི་སྣ་ཁ་700ལྷག་ཙམ་གྱི་ཁྲོད་ནས་བྲོ་བ་བརྟན་ལ་ཐོན་ལས་ཁྱབ་གདལ་དང་འཚམ་པའི་རུ་རྩི་སྣ་ཁ་6བདམས་ཡོད”ཅེས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའ་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུས་ཧུང་གིས་ངོ་སྤྲོད་བྱས།

    ས་གནས་དེ་གའི་རུ་རྩི་དེ་དག་འཚོལ་ཆེད། ཁོང་གི་ཚོགས་པས་2018ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་རྫོང་དང་ཆུས་68ལ་བསྐྱོད་དེ་འབྲོག་པའི་གུར་ནང་ནས་ཞོ་རྩི་དང་། ཕྱུར་རྩི། ཆང་རྩི་སོགས་ཀྱི་དངོས་དཔེ་468འཚོལ་བསྡུ་བྱས་པ་རེད། རིམ་རྩིས་བརྒྱབ་ན། རུ་རྩི་སྣ་ཁ་2000ལྷག་ཙམ་ལོགས་དབྱེ་དང་། གཙང་འགྱུར། གསལ་འབྱེད་བཅས་བྱས་པ་དང་སྦྲགས་ཉར་ཚགས་ཀྱང་བྱས་པ་དང་། རྫོང་དང་ཆུས་41གི་ལེགས་ཆ་ལྡན་པའི་རུ་རྩི་ཁྱབ་ཚུལ་གྱི་དཔེ་རིས་བཟོས་ནས། རང་ལྗོངས་ཀྱི་སྲོལ་རྒྱུན་བཟའ་བཅའི་སྐྱེ་དངོས་ཕྲ་རབ་ཐོན་ཁུངས་ཀྱི“རྨང་གཞི”མཐིལ་རྟོགས་བྱས་པ་རེད།

    “རྨང་གཞི”ཡོད་ན“ཕུལ་བྱུང”འདེམས་ཐུབ། རུ་རྩི་སྣ་ཁ་2000ལྷག་ཙམ་གྱི་ཁྲོད་ནས་ཚོགས་པས་རུ་རྩི་སྣ་ཁ་700ལྷག་ཙམ་ལ་དམིགས་ཏེ་སྐྱུར་བསྙལ་གྱི་གསོན་ཤུགས་དང་བྲོ་བ་མངོན་ཚུལ་སོགས་ལ་དམིགས་ནས་རིམ་པ་བཞིན་གདམ་གསེས་བྱས་མཐར། ལེགས་ཆ་ལྡན་པའི་རུ་རྩི་སྣ་ཁ་6གཏན་འཁེལ་བྱས་པའི་ནང་ཕྱུར་རྩི་དང་། རྩི་ཤིང་། འོ་རྩི་བཅས་ཚུད་ཡོད།

    ཞིབ་འཇུག་བྱས་པ་ལས་མངོན་པར་གཞིགས་ན། འབུ་ཕྲའི་རྒྱུད་དེ་དག་བསྐྱར་སྦྱོར་བྱས་ནས་བསྙལ་བ་ལས་ཞོའི་བྲོ་བ་ཞིམ་དུ་གཏོང་ཐུབ་པ་མ་ཟད། ད་དུང་ཞོའི་ནང་གི་མཁྲིས་རྒྱུ་གཤེར་རྩིའི་འདུས་ཚད་དམའ་རུ་གཏོང་ཐུབ་ཅིང་། ནུས་པ་དེ་སྲོག་ཆགས་ལ་ཚོད་ལྟ་ར་སྤྲོད་བདེ་བླག་ངང་བྱས་ཡོད།

    ས་གནས་དེ་གའི་རུ་རྩིའི་རིགས་ལ་ཚད་བརྒལ་བྱུང་ནས་ལས་རིགས་ཀྱི་དཀའ་གནད་བསལ་ཡོད། དུས་ཡུན་རིང་པོའི་ནང་། རྒྱལ་ནང་གི་དཀར་ཆུའི་ཐོན་རྫས་ཁེ་ལས་ཀྱིས་ཞོ་རྩི་མང་ཆེ་བ་ནང་འདྲེན་བྱེད་དགོས་ཀྱི་ཡོད། ད་ཆ་རང་ལྗོངས་ཀྱི་ས་གནས་དེ་གའི་རུ་རྩིའི་རིགས་ཀྱིས་རང་བརྟེན་ཞིབ་བཟོ་བྱེད་པའི་སྟོང་ཆ་བསྐངས་པ་མ་ཟད། ད་དུང་ཁྱིམ་ཚང་གི་བཟོ་ཁང་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་བར་འགྱུར་ལྡོག་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།