མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་དགེ་སློབ་ཚོས་ཧྲི་ཅ་ཀྲོང་དུ་ཞིབ་འཇུག་སློབ་སྦྱོང་དང་སྤེལ་རེས་བྱེད་སྒོ་སྤེལ་བ།
ཉེ་ཆར་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་སྒྲིག་འཛུགས་བྱས་པའི་རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་སློབ་གྲྭའི་དགེ་སློབ་ཧྲི་ཅ་ཀྲོང་དུ་བསྐྱོད་དེ་ཞིབ་འཇུག་སློབ་སྦྱོང་དང་སྤེལ་རེས་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས། དགེ་སློབ་65མངའ་རིས་སུ་ལོག་ཡོད་པ་རེད།
ད་རེས་ཀྱི་བྱེད་སྒོ་ནི་ད་བར་དུ་རྩྭ་མདའ་རྫོང་གི་གཞི་ཁྱོན་ཆེ་ཤོས་དང་ཞུགས་མཁན་མང་ཤོས་ཀྱི་ས་ཁོངས་བསྒྲལ་བའི་གཞོན་ནུ་ལོ་ཆུང་གི་ཞིབ་འཇུག་སློབ་སྦྱོང་དང་སྤེལ་རེས་བྱེད་སྒོ་ཡིན་པ་དེ་ཐོག་ནས་ཧོ་པེ་དང་བོད་ཀྱི་སློབ་གསོའི་རོགས་ལས་གྲུབ་འབྲས་དང་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེ་ཟབ་མོ་གསོན་ཉམས་དོད་པོས་མཚོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།