2026ལོའི་རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”ཀྱི་མིང་ཐོ་ཡོངས་བསྒྲགས་བྱས་པ།
དགེ་རྒན་དུས་ཆེན་ཐེངས་ཞེ་གཉིས་པ་འཆར་བའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའུ་ཡིས་2026ལོའི་རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”ཡོངས་བསྒྲགས་བྱས་པ་རེད། དེའི་ནང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་རྨའུ་ཤང་སློབ་ཆུང་གི་དགེ་རྒན་བསོད་ནམས་ཕུན་ཚོགས་དང་བོད་ལྗོངས་མི་རིགས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་མཱ་ཐན་ཞང་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པ་རེད།
ད་ཐེངས་བདམས་པའི་དགེ་རྒན་ནང་། མཐོ་རིམ་སློབ་གསོ་དང་། ལས་རིགས་སློབ་གསོ། རྨང་གཞིའི་སློབ་གསོ། སློབ་ཞུགས་གོང་གི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོར་ཁྱབ་ཡོད། ཁོང་ཚོའི་སྔོན་ཐོན་བྱས་རྗེས་ལས་དུས་རབས་གསར་པའི་མི་དམངས་དགེ་རྒན་གྱི་ཁྱིམ་ཞེན་རྒྱལ་ཞེན་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པ་དང་། “གནམ་འོག་ཏུ་ཆེས་བླ་ན་མེད་པའི་ལས་རིགས”ཀྱི་རང་མདངས་གསོན་ཉམས་དོད་པོས་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།