དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱུགས་རིགས་སྨན་པའི་རྫས་འགྱུར་བརྟག་དཔྱད་པའི་བརྟག་དཔྱད་ཀྱི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-10

    ཚེས་8ཉིན་གྱི་སྔ་དྲོར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱུགས་རིགས་སྨན་པའི་རྫས་འགྱུར་བརྟག་དཔྱད་པའི་བརྟག་དཔྱད་ཀྱི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་ལྷ་ས་གྲོང་ཁྱེར་དུ་གཉེར་བ་དང་། དེའི་དམིགས་ཡུལ་ནི་རྩལ་ནུས་འགྲན་བསྡུར་དང་། སྤེལ་རེས་མཐོར་གཏོང་། གྲོས་བསྡུར་མཉམ་འཕེལ་བཅས་ཀྱི་སྟེགས་བུ་ཞིག་བསྐྲུན་ཏེ། ལག་རྩལ་བྱང་ཆུབ་པ་དང་། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་ནན་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆེད་ལས་ཅན་གྱི་ཕྱུགས་རིགས་སྨན་པའི་རྫས་འགྱུར་བརྟག་དཔྱད་པའི་དཔུང་ཁག་ཅིག་འཛུགས་པའི་ཆེད་དུ་རེད།

    ཕྱུགས་རིགས་སྨན་པའི་བརྟག་དཔྱད་ཚད་ལེན་ལས་དོན་ནི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་དང་ཕྱུགས་རིགས་གསོ་ཚགས་ལས་རིགས་སྐྱོན་བྲལ་འཕེལ་རྒྱས་གཏོང་བའི་ལག་རྩལ་གྱི་སྲུང་བཅད་ཞིག་རེད་ལ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་། བཟའ་བཅའི་བདེ་འཇགས་། སྐྱེ་ཁམས་བདེ་འཇགས་བཅས་ཀྱི་འགོག་སྲུང་དང་པོ་དེའང་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་དང་ཀོང་པོ་རྒྱ་མདའ་རྫོང་གི་རུ་ཁག་8ཀྱི་མི་24འགྲན་བསྡུར་ལ་ཞུགས་པ་དང་དེ་བཞིན་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སོགས་འབྲེལ་ཡོད་ཚན་པའི་ཤན་འབྱེད་པ་16ཡོད་པ་རེད།

    དེ་ནི་ལྗོངས་ཡོངས་ཀྱི་ཕྱུགས་རིགས་སྨན་པའི་རྫས་འགྱུར་བརྟག་དཔྱད་པའི་དཔུང་ཁག་གི་ལས་སྒོའི་འཇོན་ཐང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་རེད་ལ། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད། འགྲན་བསྡུར་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།