བོད་ལྗོངས་སློབ་ཆེན་གྱི་2026ལོའི་སློབ་མ་གསར་པ་སློབ་འགོ་ཚུགས་པའི་མཛད་སྒོ་དང་དགེ་རྒན་དུས་ཆེན་ཐེངས་42པའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
ཚེས་6ཉིན། བོད་ལྗོངས་སློབ་ཆེན་གྱི་2026ལོའི་སློབ་མ་གསར་པ་སློབ་འགོ་ཚུགས་པའི་མཛད་སྒོ་དང་དགེ་རྒན་དུས་ཆེན་ཐེངས་42པའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་གིས་ཤིས་ཚིག་བསྒྲོན་པ་རེད།
ཚོགས་འདུ་མ་འཚོགས་གོང་། དགེ་སློབ་ཚང་མ་ཡར་ལངས་ཏེ་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
བྱེད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། སུན་ཤན་ཀྲུང་གིས་སློབ་གྲྭའི་ཚབ་ཞུས་ཏེ་དགེ་རྒན་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། 2026ལོའི་སློབ་མ་གསར་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཡང་ཞུས་པ་རེད། ཁོང་གིས། ད་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཞིག་རེད་ལ། བོད་ལྗོངས་སློབ་ཆེན་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་ཡང་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། དགེ་སློབ་ཡོངས་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བོད་ལྗོངས་སློབ་ཆེན་གྱི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། “གངས་ལྗོངས་ས་མཐོར་གཞི་ཚུགས་ཏེ་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གྱི་དྲིན་ལན་འཇལ་བའི”གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། ཁྱིམ་ཚང་དང་རྒྱལ་ཁབ་སེམས་ལ་འཆང་བ་དང་། མཐུན་སྒྲིལ་འབད་འཐབ། དཔའ་ངར་ཆེར་སྐྱེད་ཀྱིས་འགན་འཁྲི་འཁུར་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་སར་འབད་འཐབ་མདུན་སྐྱོད་བྱས་ཐོག རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་དུ་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།