དབྱར་གསེང་ཞིབ་སྦྱོང་བྱེད་སྒོ་སྤེལ། སློབ་མར་ཉམས་ལེན་གསར་པ་བྱུང་།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ཞབས་ཞུའི་ས་ཚིགས་ཀྱིས་མལ་གྲོ་གུང་དཀར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་དང་མཉམ་དུ་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི“མལ་གྲོས་བརྟན་སྲུང་བྱེད། ཁྲིམས་ལུགས་ཀྱིས་བྱིས་སེམས་སྲུང་། ཚན་རྩལ་གྱིས་ཕུགས་འདུན་གཏོད”ཅེས་པའི་དབྱར་གསེང་གི་ཞིབ་སྦྱོང་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྲིམས་སྐྱོང་སློབ་གསོ་དང་། དུག་འགོག་དྲིལ་བསྒྲགས། ཚན་རིག་ཁྱབ་གདལ་ཉམས་ལེན། དྲོ་སྐྱིད་ལྡན་པའི་ཐུགས་ཁུར་བཅས་མཉམ་འདྲེས་གཅིག་གྱུར་བྱས་པ་དང་། བྱིས་པ་30སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་དང་ཚན་རིག་ཁྱབ་གདལ་གྱི་དབྱིངས་ཞུགས་རྣམ་པའི་ཚན་རིག་སློབ་སྦྱོང་དང་ཚན་རིག་ཁྱབ་གདལ་ནང་ཞུགས་པ་རེད།
འདི་ནི་དབྱར་གསེང་གི་ཞིབ་སྦྱོང་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།