དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་རྒྱལ་གྱི་དོས་དྲག་གི་ས་མཐོའི་ནད་སྔོན་འགོག་སྨན་རྫས་དང་པོར་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-30

    ཉེ་ཆར། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཞིབ་མཆན་ནན་པོ་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་བོད་ལྗོངས་ས་མཐོའི་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དགེ་རྒན་ཆེ་མོ་བ་སྐལ་བཟང་ནོར་བུས་ཞིབ་འཇུག་པ་གཙོ་བོའི་འགན་འཁུར་བའི་ཞི་ཁ་པ་ཤན་ཙོལ་ཨེན་ཞི་ལྷོད་སྤྱིན་ཐུམ་སྨན་ལ་དངོས་སུ་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པ་དང་། རྒྱལ་ནང་གི་དོས་དྲག་ས་མཐོའི་ནད་སྔོན་འགོག་སྨན་རྫས་དང་པོར་གྱུར་ཡོད།

    སྨན་རྫས་དེར་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པ་ལས། རང་རྒྱལ་ལ་དོས་དྲག་གི་ས་མཐོའི་ནད་སྔོན་འགོག་བྱེད་པའི་ཆེད་སྤྱོད་སྨན་རྫས་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། ས་མཐོའི་གསོ་རིག་གི་འགོག་བཅོས་བྱེད་ཐབས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་ས་མཐོའི་མང་ཚོགས་དང་། རྒྱ་ཆེའི་བོད་སྐྱོད་མི་ཚོགས། དེ་བཞིན་ས་མཐོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བཅས་ལ་གཟུགས་པོ་བདེ་ཐང་གི་འགན་ལེན་བརྟན་པོ་བྱས་པའི་ཁར། རྒྱལ་སྤྱིའི་ས་མཐོའི་གསོ་རིག་ཁྱབ་ཁོངས་ཀྱི་བོད་ཀྱི་ཚན་ཞིབ་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་ཤུགས་ཆེན་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།