དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་རྒྱལ་གྱི་དོས་དྲག་ས་མཐོའི་ནད་སྔོན་འགོག་གི་སྨན་རྫས་ཐོག་མ་དེར་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-18

    ཉེ་ཆར། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིབ་དཔྱད་གཏན་འཁེལ་དང་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་བོད་ལྗོངས་ས་མཐོའི་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དགེ་རྒན་ཆེ་མོ་བ་སྐལ་བཟང་ནོར་བུས་ཞིབ་འཇུག་པ་གཙོ་བོའི་འགན་འཁུར་བའི་ཁ་ཞན་ཙོལ་ཨེན་སྤྱི་ཐུམ་སྨན་དངོས་སུ་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་ཞིང་། དེ་ནི་རྒྱལ་ཡོངས་ཀྱི་ཆོག་མཆན་ཐོབ་པའི་དོས་དྲག་ས་མཐོའི་ནད་སྔོན་འགོག་ཐུབ་པའི་སྨན་རྫས་ཐོག་མ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྨན་རྫས་དེའི་དུས་ཐེངས་Ⅲཔའི་ནད་ཐོག་སྨན་བཅོས་ཚོད་ལྟ་ནི་དགེ་རྒན་ཆེ་མོ་བ་སྐལ་བཟང་ནོར་བུའི་ཚོགས་པས་སྣེ་ཁྲིད་དེ་ནད་ཐོག་སྨན་བཅོས་ཚོད་ལྟའི་ཇུས་གཞི་གཏན་འཁེལ་བྱས་པ་དང་། མཉམ་ལས་ཚན་པ་མཁའ་སྐྱོད་ལྟེ་བའི་སྨན་ཁང་དུ་ཀླུང་ཐང་གི་ཚོད་ལྟ་བ་ཚོགས་པར་ཞུགས་རྗེས། བོད་ལྗོངས་ས་མཐོར་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་ཚོད་ལྟ་བྱས་པ་རེད། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་ས་མཐོའི་གསོ་རིག་དུས་དེབ་གཙོ་བོ《High Altitude Medicine& Biology》ཐོག་སྤེལ་ཟིན་པ་རེད།

    ཚོད་ལྟའི་འབྲས་བུ་ལས་མངོན་པར། སེམས་གསོའི་སྨན་སྤྱོད་པའི་ཚོད་ལྟ་ཚོགས་ཆུང་དང་བསྡུར་ན། སྨན་རྫས་དེ་སྤྱོད་པའི་ཚོད་ལྟ་ཚོགས་ཆུང་གི་དོས་དྲག་ས་མཐོའི་ནད་ཐོན་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཞིང་། དེའི་ནང་དོས་དྲག་ས་མཐོའི་ནད་འབྲིང་གྲས་དང་ལྕི་བ་ཐོན་ཚད་14.6%དམའ་རུ་ཕྱིན་ནས། ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་མི་ཚོགས་ལ་འཚམ་པའི་ས་མཐོའི་ནད་སྔོན་འགོག་གི་ཐབས་ཇུས་བཟོ་བར་གསོ་རིག་གི་བདེན་དཔང་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།