ལྷ་ས་གྲོང་ཁྱེར་གྱིས་ངལ་རྩོལ་ལས་མི་སྤྱོད་སྟངས་ཚད་ལྡན་ཅན་གྱི་ཆེད་དོན་གསོ་སྦྱོང་བྱས་པ།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་བྱེད་པོས་ངལ་རྩོལ་ལས་མི་སྤྱོད་སྟངས་ཚད་ལྡན་ཅན་དོ་དམ་གྱི་ཆེད་དོན་གསོ་སྦྱོང་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་དང་གཞུང་ཁོངས་ཁེ་ལས་555ཡི་འཐུས་མི་གསོ་སྦྱོང་ནང་ཞུགས་ནས་མི་སྤྱོད་ཀྱི་དངོས་མིང་འགོད་པའི་ལམ་ལུགས་དང་། གླ་ཆ་ཚབ་སྤྲོད། གན་རྒྱ་དོ་དམ་སོགས་ཚད་ལྡན་བྱེད་སྟངས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་པ་རེད།
གསོ་སྦྱོང་དེ་དམངས་གཉེར་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ཀྱི་ཆེད་དོན་ཚོགས་ར་གཉིས་སུ་དབྱེ་ནས་རིགས་དབྱེ་གནད་འཁེལ་གྱི་སློབ་ཁྲིད་དང་གྲངས་འཛིན་ཅན་གྱི་བཀོལ་སྤྱོད་སློབ་ཁྲིད་ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད་སྲིད་ཇུས་ཀྱིས་མཛུབ་ཁྲིད་དང་། གྲངས་འཛིན་གྱིས་ལྟ་འདོམས། དངུལ་རྩའི་ལེ་ལག་སོགས་འཁོར་འབྲེལ་ཧྲིལ་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཁེ་ལས་ལ་མི་སྤྱོད་དོ་དམ་གྱི་ཞན་ཆ་སེལ་རོགས་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་འགོག་སྲུང་འཛིང་རག་འབྱུང་རྩ་ནས་བརྟན་དུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།