རང་ལྗོངས་སུ་སློབ་མ་ཡོང་ཁུངས་ཀྱི་ཡིད་རྟོན་སློབ་སྐྱོར་དངུལ་བུན་རྫོང་རིམ་པའི་བདག་སྤྲོད་ས་ཚིགས་རྫོང(ཆུས་དང་གྲོང་ཁྱེར)74ཚང་མར་ཁྱབ་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་སློབ་མ་ཡོང་ཁུངས་ཀྱི་ཡིད་རྟོན་སློབ་སྐྱོར་དངུལ་བུན་ལས་སྒོ་དེ་གྲོང་ཁྱེར་རིམ་པ་ནས་རྫོང་རིམ་པའི་བར་སྣུར་སྲིང་བྱེད་པའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཆེད། ལྗོངས་ཡོངས་ཀྱིས་ཟླ་7ཚེས་15ཉིན་ནས་བཟུང་དངུལ་བུན་རོགས་སྐྱོར་བདག་སྤྲོད་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ་རྫོང(ཆུས་དང་གྲོང་ཁྱེར)74རུ་རྫོང་རིམ་པའི་བདག་སྤྲོད་ས་ཚིགས་རྦད་དེ་ཁྱབ་རྒྱུ་རེད། མིག་སྔའི་བར་བདག་སྤྲོད་ས་ཚིགས་ཁག་གི་མི་སྣ་བཀོད་སྒྲིག་དང་། སྒྲིག་ཆས་ཚོད་སྒྲིག ལས་སྒོ་གསོ་སྦྱོང་སོགས་ཀྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཤིང་། སྐབས་དེར་རང་ལྗོངས་ཀྱི་སློབ་མ་ཚོས་ཐག་ཉེ་ས་དང་སྟབས་བདེ་ས་ནས་སློབ་སྐྱོར་དངུལ་བུན་རེ་ཞུ་བྱེད་ཆོག་པས་ལས་དོན་སྒྲུབ་པར་ཧ་ཅང་སྟབས་བདེ་བསྐྲུན་རྒྱུ་རེད།
དེ་དང་ཆབས་ཅིག རང་ལྗོངས་ཀྱིས་མང་ཚོགས་ཚོས་བྱ་བ་སྒྲུབ་པའི་དངོས་ཡོད་ཀྱི་དགོས་མཁོར་གཞི་ཚུགས་ཤིང་། རྫོང(ཆུས་དང་གྲོང་ཁྱེར)ལ་རྦད་དེ་ཁྱབ་པའི་ཞབས་ཞུའི་བཀོད་པར་བརྟེན་ནས་རྒྱལ་ཁབ་གཅིག་གྱུར་གྱི་སློབ་སྐྱོར་དངུལ་བུན་གྱི་དམངས་ཕན་ལས་སྒྲུབ་བྱེད་སྟངས་དང་ལས་སྒྲུབ་བླང་བྱ་དོན་འཁྱོལ་བྱས་ཡོད། ད་ལོ་ནས་བཟུང་། སློབ་མ་ཚོས་དངུལ་བུན་ཐོག་མ་གཡར་སྐབས་ཐུན་མོང་གི་དངུལ་བུན་གཡར་མཁན་མཉམ་དུ་ཡོང་དགོས་མེད་པར། རྒྱང་རིང་དབང་བསྐུར་བརྒྱུད་དངུལ་བུན་གཡར་མཁན་སློབ་མས་ས་གནས་ས་ཐོག་ཏུ་གན་རྒྱ་འཇོག་ཆོག་པ་དང་། དངུལ་བུན་མུ་མཐུད་གཡར་མཁན་སློབ་མ་ཚོས་སློབ་མའི་དྲ་ཐོག་མ་ལག་གམ་ཡང་ན་appབརྒྱུད་དྲ་ཐོག་ནས་རེ་ཞུ་བྱེད་ཆོག
འབྲེལ་ཡོད་གསར་འགྱུར།