དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • “བོད་ལྗོངས་སློབ་ཆེན་གྱི་ས་མཐོའི་མི་མེད་གནམ་གྲུ་ཞིབ་སྤེལ་ཉེར་སྤྱོད་ལྟེ་གནས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་འཐབ་ཇུས་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-07


     ཚེས་3ཉིན་གྱི་ཕྱི་དྲོར། “བོད་ལྗོངས་སློབ་ཆེན་ས་མཐོའི་མི་མེད་གནམ་གྲུ་ཞིབ་སྤེལ་ཉེར་སྤྱོད་ལྟེ་གནས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་འཐབ་ཇུས་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་བོད་ལྗོངས་སློབ་ཆེན་དུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་བྱེད་སྒོར་ཞུགས་ནས་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།

    བྱེད་སྒོར། ས་མཐོའི་ཁྱད་ཆོས་མངོན་གསལ་དོད་པ་དང་ས་བབ་མཐོ་སར་མི་མེད་གནམ་གྲུའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་དགོས་པ་དང་། སྲིད་གཞུང་དང་། སློབ་གྲྭ ཁེ་ལས་བཅས་གསུམ་དང་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱས་ནས་གདུབ་ཟུམ་གསར་གཏོད་ཀྱི་ལམ་སྲོལ་འཛུགས་དགོས་པ། སྐས་རིམ་རྣམ་པའི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་རང་ཡུལ་ཅན་གྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།