འོས་འགན་སྨན་བཅོས་ལས་སྟེགས་ལས་བཟོའི་ཁྱིམ་དུ་སྤོས་པ།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཟོ་པར་རིན་མེད་བརྟག་དཔྱད་བྱས་པ།

ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དང་མཉམ་དུ་ཁོར་ཡུག་འཕྲོད་བསྟེན་བཟོ་པར་རིན་མེད་བརྟག་དཔྱད་བྱས་ཤིང་། འདི་ནི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དང་མཉམ་དུ་འོས་འགན་སྨན་བཅོས་ལས་སྟེགས་ལས་བཟོའི་ཁྱིམ་དུ་སྤོས་ནས། འཐབ་ས་དང་པོའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་100ལ་རིན་མེད་བརྟག་དཔྱད་བྱས་པ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྨན་བཅོས་ཐོན་ཁུངས་སྤུས་ལེགས་འཐབ་ས་དང་པོར་སྤོ་བར་སྣེ་ཁྲིད་དང་སྐུལ་འདེད་བཏང་སྟེ་ཡུན་རིང་ཕྱི་རོལ་དུ་ལས་ཀ་བྱེད་མཁན“གྲོང་ཁྱེར་གྱི་མཛེས་བཟོ་མཁས་ཅན”ལ་ཁྱིམ་གྱི་སྒོ་རྩར་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ཁོག་ནད་ཚན་ཁག་དང་རུས་ནད་ཚན་ཁག་སོགས་ཀྱི་རྐང་འཛིན་སྨན་དོན་པས་ཁྲག་མངར་བརྟག་དཔྱད་དང་། རུས་ཚིགས་དཔྱད་དཔོག རྒྱུན་མཐོང་ནད་གཞི་འདྲི་རྩད་སོགས་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུས་ཡོད་པ་རེད།
ཁོར་ཡུག་གཙང་སྦྲ་བ་ནི་གྲོང་ཁྱེར་ནང་ལངས་སྔ་ཤོས་ཀྱི་མི་ཚོགས་ཤིག་ཡིན་ལ། སྨན་ཁང་དུ་འགྲོ་ཉུང་ཤོས་ཀྱི་མི་ཚོགས་ཤིག་རེད། དུས་ཡུན་རིང་པོར་ཕྱི་རོལ་དུ་ལས་ཀ་བྱེད་པ་དང་ངལ་གསོ་རྒྱག་ཁོམ་མེད་པར་བརྟེན། ཚོགས་སྤྱི་དེར་རུས་ཚིགས་དུབ་རྨས་དང་ཁྲག་ཤེད་མཐོ་བ་སོགས་ལས་རིགས་རང་བཞིན་གྱི་ནད་ཕོག་ཀྱང་རྟག་ཏུ“དངུལ་སྤྲོད་མི་ཕོད་པ་དང་ཁོམ་པ་མེད་པའི”རྐྱེན་གྱིས་ཡང་ནས་ཡང་དུ་ནར་འགྱངས་སོང་ཡོད། གནས་ཚུལ་དེར་དམིགས་ནས་ཁ་རུབ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡིས་ཟླ་བ་གཅིག་གི་སྔ་སྣུར་དུ་ཁོར་ཡུག་འཕྲོད་བསྟེན་བཟོ་པའི་བདེ་ཐང་ཡིག་ཚགས་གྲལ་བཤེར་བྱས་པ་དང་ཐོན་མང་བའི་ལས་རིགས་ཀྱི་ནད་ཆེན་གསུམ་གསེད་བཀྲོལ་བྱས་རྗེས“ཏང་འཛུགས་སྐྱོང་དང་སྨན་བཅོས་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཁྲུང་ཆིང་གི་བོད་སྐྱོར་སྨན་བཅོས་སྟོབས་ཤུགས་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ། སྔོན་ཆད་བང་བསྒྲིགས་ནས་ཉིན་ཁ་ཤས་སོང་རྗེས་གཞི་ནས་ཞིབ་བཤེར་ཐུབ་པའི་རྣམ་གྲངས་ཚང་མ་ལས་བཟོའི་ཁྱིམ་དུ་ཁྱབ་པ་རེད། སྙིང་པར་བརྒྱབ་མ་ཐག་པའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཞིག་གིས་སྨན་པར་ལྟ་བཞིན“ད་ཐེངས་བརྟག་དཔྱད་བྱས་པ་བརྒྱུད་བློ་བདེ་རུ་ཕྱིན་སོང”ཞེས་བརྗོད།
འོས་འགན་སྨན་བཅོས་མཇུག་འགྲིལ་སྐབས། ཁ་རུབ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་མི་སྣས་ད་དུང་སྨན་དོན་ཚོགས་པར་ཁ་བཏགས་གཡོག་ནས་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་འགན་སྨན་བཅོས་ནི་བཟོ་ཚོགས་ཏང་རྩ་འཛུགས་ཀྱིས“ངས་ལས་བཟོར་བྱ་བ་དངོས་སྒྲུབ་པའི”དངོས་སྒྲུབ་བྱ་ཐབས་ལག་ལེན་བསྟར་བ་ཞིག་རེད། གོམ་སྟབས་རྗེས་མར། ཁ་རུབ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞབས་ཞུའི་ཐབས་ལམ་མུ་མཐུད་རྒྱ་ཆེར་བཏང་ནས་བདེ་ཐང་གི་ཐུགས་ཁུར་དེ“རླུང་འཚུབ་ཐེངས་གཅིག”ནས“དུས་བཞིའི་ཆར་པ”ལྟ་བུར་འགྱུར་བར་སྐུལ་འདེད་བཏང་སྟེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་འཐབ་ས་དང་པོའི་ངལ་རྩོལ་པའི་བདེ་ཐང་འགན་ལེན་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།