དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཧུའུ་ནན་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གིས“མཉམ་དུ་དེབ་གཅིག་ཀློག་པའི”སྤེལ་རེས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    ཉེ་ཆར། ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་སློབ་འབྲིང་དང་པོའི་དགེ་སློབ་སྒྲོག་འགྲེལ་ཚོགས་པས་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་སོགས་ཀྱི་སློབ་འབྲིང་བཅུ་ཙམ་དུ་བསྐྱོད་དེ་ཧུའུ་ནན་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གིས“མཉམ་དུ་དེབ་གཅིག་ཀློག་པའི”བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོ་སྤེལ་ཅིང་། དཔེ་དེབ་སྦྲེལ་ཐག་ཏུ་བྱས་ནས་ལེ་དབར་སྟོང་གི་ཧུའུ་ནན་དང་བོད་ཀྱི་གཞོན་ནུ་ལོ་ཆུང་དབར་མཛའ་གྲོགས་ཟམ་པ་བསྐྲུན་ཡོད།

    རྒྱལ་ཡོངས་ཀྱི་བོད་ལྗོངས་འཛིན་གྲྭ་གཉེར་འགན་འཁུར་མཁན་གྱི་སློབ་གྲྭ་ཁག་དང་པོ་ཡིན་པའི་གཡོད་དབྱང་གྲོང་ཁྱེར་སློབ་འབྲིང་དང་པོས་ལོ་བཞི་བཅུ་ལྷག་ཙམ་རིང་མི་རིགས་སློབ་གསོར་རྩེ་གཅིག་ཏུ་གཞོལ་བ་དང་། ད་ཐེངས་ཀྱི་སྒྲོག་འགྲེལ་ནང་ཧུའུ་ནན་གྱི་རིག་རྒྱུན་དང་དགའ་སྐྱོ་ཟུང་འབྲེལ་གྱི་སྙིང་སྟོབས་འགོ་འཛུགས་སར་བྱས་ཏེ། ས་གནས་དེ་གའི་དགེ་སློབ་ཚོར་གཡོད་དབྱང་གི་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་དང་། སློབ་གྲྭའི་སློབ་གཉེར་རྒྱུན་འཛིན། དེ་བཞིན་བོད་ལྗོངས་འཛིན་གྲྭའི་ལོ་མང་རིང་གི་དྲོ་སྐྱིད་ལྡན་པའི་མི་སྣ་གསོ་སྐྱོང་གི་ལག་ལེན་གྲུབ་འབྲས་བཅས་ངོ་སྤྲོད་བྱས་ཡོད།

    མཉམ་འགུལ་བྱེད་རིང་གཡོད་དབྱང་གྲོང་ཁྱེར་སློབ་འབྲིང་དང་པོའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོས་བྲིས་པའི་གཅེས་སེམས་རྟེན་འབྲེལ་ཤོག་བྱང་དང་ཡིག་སྐོགས་མེད་པའི་འཕྲིན་ཡིག་ས་གནས་དེ་གའི་སློབ་གྲོགས་ཚོའི་ལག་ཏུ་སྤྲད་ཅིང་། ཡིག་འབྲུ་རེ་རེ་ལས་རི་ཀླུང་བརྒལ་བའི་གཞོན་ནུའི་བརྩེ་སེམས་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།