དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ཀོང་པོ་རྒྱ་མདའ་རྫོང་གིས་སྐྱ་འགྲིབ་ནད་བརྟག་སྨན་བཅོས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    ཉེ་ཆར། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྨན་ཁང་གིས་ཀྲུང་གོ་སེང་གེ་ལྷན་ཚོགས་ཧྲའན་ཤིས་འཐུས་མི་ཁྲུའུ་དང་མཉམ་དུ“སེང་གེ་ལྷན་ཚོགས་ཀྱིས་གངས་ལྗོངས་ལ་གཅེས། རོགས་རམ་གསུམ་གྱིས་དྲོ་སྐྱིད་སྦྱིན”ཞེས་པའི་འོད་ཟེར་བྱ་སྤྱོད་ཀྱི་སྐྱ་འགྲིབ་ནད་བརྟག་སྨན་བཅོས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་ནས། རྫོང་ཁོངས་ཀྱི་སྐྱ་འགྲིབ་ཕོག་པའི་ནད་པར་སྨན་རིན་མེད་པར་གྲལ་བཤེར་དང་ནད་བརྟག་སྨན་བཅོས་བྱས་པ་རེད།

    ད་ཐེངས་ཀྱི་ནད་བརྟག་སྨན་བཅོས་ཀྱི་སྤྱི་ཕན་བྱེད་སྒོར་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་གནད་སྨིན་ངང་དམིགས་པ་དང་བརྒྱུད་རིམ་ཧྲིལ་པོར་རིན་མེད་ཞབས་ཞུའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་སྒོ་འགྲམ་དུ་ཆེད་ལས་མིག་ནད་ཚན་ཁག་གི་ནད་བརྟག་སྨན་བཅོས་བྱས་པ་རེད། བྱེད་སྒོ་སྤེལ་རིང་སྨན་བཅོས་ཚོགས་པས་མིག་ལ་བརྟག་དཔྱད་དང་། ནད་གཞིར་བརྟག་དཔྱད། གཤགས་བཅོས་སྨན་བཅོས་སོགས་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་གོ་རིམ་ལྡན་པའི་ངང་སྤེལ་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་111ལ་དབྱེ་བཤེར་བྱས་ཏེ་གཤགས་བཅོས་བྱེད་ཆོག་པའི་ནད་པ་29ལ་སྐྱ་འགྲིབ་གཤགས་བཅོས་བྱས་པ་དང་རིམ་རྩིས་བརྒྱབ་ན་ནད་པར་སྨན་རིན་སྒོར་72000ལྷག་ཙམ་གྲོན་ཆུང་ཐུབ་པར་བྱས་ཡོད། གཤགས་བཅོས་བྱས་རྗེས་ནད་པ་ཚང་མའི་མཐོང་ནུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཕྱིན་པས་རྒྱ་ཆེའི་མང་ཚོགས་ཀྱི་བསྔགས་བརྗོད་དང་ཁས་ལེན་གང་ལེགས་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ནུབ་བྱང་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོ་དང་། ཤིས་ཨན་ཕུའུ་རུའེ་མིག་ནད་སྨན་ཁང་། ཨན་ཁང་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀོང་པོ་རྒྱ་མདའ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཀྲུང་གོ་སེང་གེ་ལྷན་ཚོགས་ཧྲའན་ཤིས་འཐུས་མི་ཁྲུའུ་ཡི་འབྲེལ་ཡོད་སྡེ་ཚན་དང་། དེ་བཞིན་ཞབས་ཞུ་རུ་ཁག་བཅུ་ལྷག་ཙམ་གྱིས་གཞོགས་འདེགས་བྱས་པ་ཞིག་རེད། སྒྲུབ་འགན་འཁུར་མཁན་ཚན་པ་ཡིན་པའི་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྨན་ཁང་གིས་བརྒྱུད་རིམ་ཧྲིལ་པོར་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་ཆེད་ལས་ཀྱི་ནད་བརྟག་སྨན་བཅོས་ས་ཚིགས་མཁོ་འདོན་དང་། ལས་དོན་པ་འདང་ངེས་མངགས་པ། དེ་བཞིན་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ཞིབ་ཚགས་བྱས་ནས་སྨན་བཅོས་ཚོགས་པར་གཞོགས་འདེགས་ནུས་ལྡན་བྱས་ཏེ་བརྟག་དཔྱད་དང་། གཤགས་བཅོས། གཤགས་བཅོས་རྗེས་ཀྱི་ནད་སྐྱོང་སོགས་ཀྱི་ལས་དོན་ཁག་བདེ་བླག་ངང་བསྒྲུབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།