དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས།

    སློབ་གྲྭའི་སྤྱི་པའི་འཕྲོད་བསྟེན་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-20

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྫོང་སློབ་གསོ་ཅུས་དང་། སྤྱི་བདེ་ཅུས། ཁྲོམ་ར་ལྟ་འདོམས་ཅུས། མེ་གསོད་རོགས་སྐྱོབ་ཅུས་སོགས་སྡེ་ཚན་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་51ལ་ལེབ་བཤེར་དང་དཔྱིད་དུས་སློབ་གྲྭའི་སྤྱི་པའི་འཕྲོད་བསྟེན་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ས་ཡུལ་དངོས་སུ་ལྟ་ཞིབ་དང་། རྩིས་ཁྲར་ལྟ་བཤེར། ས་ཡུལ་དངོས་སུ་ཞིབ་དཔྱད་བཅས་ཀྱི་ལས་དོན་སྤེལ་སྟངས་སྤྱད་དེ་སློབ་ཁང་དང་། ཉལ་ཁང་། ཟ་ཁང་། འཕྲོད་སྦྱོར་ཁང་། འཐུང་ཆུ་ཁང་སོགས་སློབ་གྲྭའི་གཙོ་གནད་ཁུལ་ལ་ཞིབ་བཤེར་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས》དང《སློབ་གྲྭའི་འཕྲོད་བསྟེན་ལས་དོན་སྲོལ་ཡིག》སོགས་ཀྱི་ཁྲིམས་སྲོལ་གཞིར་བཟུང་། འགོ་ནད་སྔོན་འགོག་ཚོད་འཛིན་དང་། འཐུང་ཆུའི་འཕྲོད་བསྟེན། སློབ་ཁྲིད་དང་འཚོ་བའི་ཁོར་ཡུག བཟའ་བཅའི་རང་བཞིན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་རིང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་ས་གནས་ས་ཐོག་ཏུ་དག་ཐེར་བྱེད་པའི་བརྡ་ཐོ་བཏང་ནས་གནད་དོན་གྱི་རྩིས་ཁྲ་བཟོ་བ་དང་། དག་ཐེར་གྱི་དུས་བཀག་ཁ་གསལ་བཟོ་བ། གདུབ་ཟུམ་དོ་དམ་བཅས་བྱས་ཏེ་གནད་དོན་ཁུངས་འདེད་དང་། དག་ཐེར། ཞིབ་བཤེར་བཅས་ཐུབ་པར་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།