དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་བཞི་པ་དང་དགེ་རྒན་དང་ལས་བཟོའི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-15

    ཟླ་5ཚེས་13ཉིན། བོད་ལྗོངས་སློབ་ཆེན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་བཞི་པ་དང་དགེ་རྒན་དང་ལས་བཟོའི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་ཞུགས་པ་དང་འབྲེལ། “ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་རུ་སྟར་གྲུ་བཞི”ཡི་ནང་གི་རྒན་ཡོལ་ཞུས་པའི་དགེ་རྒན་གྱི་འཐུས་མིར་མེ་ཏོག་ཀྱང་ཕུལ་བ་རེད།

    སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས“བདེ་ཐང་ལྡན་པའི་བོད་ལྗོངས་སློབ་ཆེན་གྱིས་ཤེད་རྩལ་ཡོངས་སུ་ངོམས། མཛེས་སྡུག་ལྡན་པའི་བོད་ལྗོངས་སློབ་ཆེན་གྱིས་ཉམས་བཟང་མངོན། ལག་ལེན་མཁན་གྱི་བོད་ལྗོངས་སློབ་ཆེན་གྱིས་སྙན་འཇེབས་ལེའུ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། བོད་ལྗོངས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་ཀྲེང་དབྱིང་ཉིང་གིས་ལུས་རྩལ་པ་ཚོར། འབད་འབུངས་ཡར་བརྩོན་དང་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པའི་ཐོག་ནས་བོད་ལྗོངས་སློབ་ཆེན་གྱི་འབད་འབུངས་ཡར་བརྩོན་དང་ཡང་རྩེར་འཛེགས་ཕོད་པའི་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་དགོས་ཞེས་བརྗོད་པ་རེད།

    སྤྲོ་སེམས་རབ་ཏུ་འཁོལ་བའི་འགོ་ཚུགས་རོལ་དབྱངས་དཀྲོལ་འགོ་ཚུགས་པ་དང་ཆབས་ཅིག འཐུས་མི་རུ་ཁག་ཁག་གིས་གོམ་སྟབས་གྲལ་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་ནས་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་ཅིང་། ཡུལ་དངོས་སུ་སློབ་མའི་རུ་སྟར་གྲུ་བཞི་ཁག་གིས་ཀྱང་གྲ་སྒྲིག་ཨང་གསར་བྱས་པའི་མི་རིགས་ཀྱི་ཞབས་བྲོ་དང་། དེང་རབས་ཀྱི་བྲོ་གར། ཐའེ་ཅི་དྲག་རྩལ་སོགས་འཁྲབ་སྟོན་བྱས་ཏེ། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ཚོའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དེ་བཞིན་ལུས་སྦྱོང་ནང་ཧུར་ཐག་ཞུགས་པའི་དགེ་སློབ་ཡོངས་ཀྱི་སྤྲོ་སེམས་གང་ལེགས་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།