དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • 2026ལོའི་ཆབ་མདོ་གྲོང་ཁྱེར་གྱི“བུད་མེད་ཀྱི་བདེ་ཐང་སྲུང་སྐྱོང་བྱ་སྤྱོད”དངོས་སུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-14

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་དང་། གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་ཚོགས་པ་ཁག་བཅུ་གཅིག་པས་སྒྲུབ་འགན་འཁུར་བའི“གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི2026ལོའི་ཆབ་མདོ་གྲོང་ཁྱེར་གྱི“བུད་མེད་ཀྱི་བདེ་ཐང་སྲུང་སྐྱོང་བྱ་སྤྱོད”ཀྱི་འགོ་ཚུགས་མཛད་སྒོ་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་གཞི་རིམ་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་བདེ་ཐང་དགོས་མཁོར་དམིགས་པ་དང“སྐོར་སྐྱོད་སྨན་བཅོས་ཀྱི་ཁྱབ་གདལ་དྲུག”གཞི་རྟེན་དུ་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱི་ཁྱིམ་དུ་སྐྱེལ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱ་ཆེའི་བུད་མེད་ཀྱི་དཀའ་གནད་སེལ་བའི་ཆེད་དུ་རེད།

    འགོ་ཚུགས་མཛད་སྒོའི་ཐོག《ཆབ་མདོ་གྲོང་ཁྱེར་གྱི་བུད་མེད་བདེ་ཐང་ལ་སྐུལ་འདེད་གཏོང་བའི་གྲོས་འདོན་ཡི་གེ》སྒྲོག་སྦྱངས་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་བུད་མེད་ཀྱིས་ཚན་རིག་དང་མཐུན་པའི་བདེ་ཐང་འདུ་ཤེས་ཟབ་ཏུ་བཏང་ནས་རང་འགུལ་ངང་གཟུགས་པོར་བརྟག་དཔྱད་བྱེད་པ་དང་བདེ་ཐང་གི་འཚོ་བ་རོལ་དགོས་པའི་འབོད་སྐུལ་དང་ལེན་བྱས་པ་དང་ཆབས་ཅིག སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་བུད་མེད་ཀྱི་བདེ་ཐང་ལ་དོ་ཁུར་བྱས་ཏེ་བུད་མེད་ལ་གཅེས་སྐྱོང་དང་བདེ་ཐང་སྲུང་སྐྱོང་གི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།