དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་རིག་གནས་ཞབས་ཞུ་ལྟེ་གནས་ཀྱིས“རིག་གནས་ལུས་རྩལ་གྱིས་སེམས་ཀྱི་ཞིང་ས་བརླན། རིག་དཔལ་གྱིས་མི་སྣ་ལེགས་པར་སྐྱོང་། གཉེན་ཉེའི་བརྩེ་བས་མི་སེམས་དྲོ་བའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-13

    སྤྱི་པའི་རིག་གནས་འཐབ་སས་མི་སྐྱོང་ནུས་པ་གང་ལེགས་བཏོན་ནས་ཁོངས་གཏོཌ་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་རིག་གནས་ཞབས་ཞུ་ལྟེ་གནས་ཀྱིས“རིག་གནས་ལུས་རྩལ་གྱིས་སེམས་ཀྱི་ཞིང་ས་བརླན། རིག་དཔལ་གྱིས་མི་སྣ་ལེགས་པར་སྐྱོང་། གཉེན་ཉེའི་བརྩེ་བས་མི་སེམས་དྲོ་བའི”ཕྱོག་བསྡུས་ལག་ལེན་བྱེད་སྒོ་ཞིབ་ཚགས་སྤེལ་བ་རེད།

    ད་ཐེངས་ཀྱི་ཕྱོགས་བསྡུས་ལག་ལེན་བྱེད་སྒོས་གཞོན་ནུ་ལོ་ཆུང་ལ་བདེ་འཇགས་བདེ་ཐང་དང་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་འཚར་ལོངས་ཀྱི་ལས་སྟེགས་ཤིག་བཏོད་པས་སློབ་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། སློབ་མའི་ཕྱོགས་བསྡུས་བྱང་ཚད་དང་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་བ་ཡང་ཟབ་ཏུ་ཕྱིན་ཡོད་པ་རེད།

    མངའ་རིས་ས་ཁུལ་རུ་ཐོག་རྫོང་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་བྱེད་སྒོའི་ནང་དོན་རྒྱུན་མཐུད་ལེགས་སུ་བཏང་ནས་རྒྱུན་རྣམ་ཅན་དང་ཁྱད་ལྡན་ཅན་གྱི་གཞོན་ནུ་ལོ་ཆུང་གི་རིག་གནས་བྱེད་སྒོའི་སྤུས་རྟགས་བཏོད་དེ་སྤུས་ལེགས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུར་བརྟེན་ནས་གཞོན་ནུ་ལོ་ཆུང་ཕྱོགས་ཡོངས་ནས་ཡར་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།