དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • འདམ་གཞུང་རྫོང་གིས་ཕྱུགས་རིམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-10

    ཉེ་ཆར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་དུས་ཡུན་ཉིན་བཅུའི་གཅིག་སྡུད་འགག་སྒྲོལ་བྱ་སྤྱོད་སྤེལ་ནས་2026ལོའི་དཔྱིད་དུས་ཀྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་གཅིག་སྡུད་སྔོན་འགོག་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། ཕྱུགས་རིམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བ་རེད།

    རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་8ཀྱིས་གཅིག་གྱུར་བྱ་སྤྱོད་སྤེལ་ཏེ། “རིམས་ནད་འགོག་ཐུབ་རིཌ་འགོག་པ་དང་། ཁུག་གསེང་མི་ལུས་པའི”རྩ་དོན་མཐའ་འཁྱོངས་ཀྱིས་ཕྱུགས་ཟོག་ལ་འཇམ་ནད་སྔོན་འགོག་སྨན་ཁབ་བརྒྱབ་ཅིང་། ལས་དོན་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྒོ་ཕྱུགས་ལ་མཐིལ་རྟོགས་གྲལ་བཤེར་དང་། རིམས་འགོག་སྨན་ཁབ་རྒྱག་པ། རིམས་འགོག་ཡིག་ཚགས་ཐོ་འགོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་དོན་ལེགས་སྒྲུབ་བྱས་པ་རེད། ས་གནས་དེ་གས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་རིམས་ནད་སྔོན་ཁབ་རྒྱག་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། རིམས་འགོག་སྨན་ཁབ་གསོག་ཉར་དོ་དམ། རིམས་འགོག་རྩིས་ཁྲ་བཟོ་བ་སོགས་ཀྱི་ལས་དོན་སྤེལ་ནས་ས་གནས་ས་ཐོག་ཏུ་གནད་དོན་སྣ་ཚོགས་དག་ཐེར་བྱས་པ་དང་ཆབས་ཅིག རྫོང་ཡོངས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་རིམ་པ་དང་པོའི་འཇམ་ནད་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པར། རྒྱུན་གཏན་མིན་པའི་སྲོག་ཆགས་ཀྱི་རིམས་ནད་ཐོན་མེད་པས། སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་བརྟན་པོ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཕྱུགས་རིགས་མགོ་གྲངས་ཁྲི་53.58ལ་རིམས་འགོག་སྨན་ཁབ་བརྒྱབ་སྟེ་ཕྱུགས་རིགས་ལ་རིམས་ནད་སྔོན་ཁབ་བརྒྱབ་ཚད་99.75%ཟིན་ཡོད། རིམས་ནད་ཕོག་པའི་ཕྱུགས་རིགས་དང་བཙས་ལ་ཉེ་བའི་མོ་ཕྱུགས་ཁྱོན་1379ཡོད་པར་མི་འགྱང་བར་རིམས་ནད་སྔོན་ཁབ་རིམ་བཞིན་རྒྱག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།