བོད་དུ་རང་ལུས་ཁྲག་གསོའི་ཕྲ་ཕུང་ཨ་མ་སྤོ་བའི་གཤགས་བཅོས་ཐོག་མ་ལེགས་གྲུབ་བྱུང་བ།
ཉིན་ཤས་གོང་། བོད་དུ་རང་ལུས་ཁྲག་གསོའི་ཕྲ་ཕུང་ཨ་མ་སྤོ་བའི་གཤགས་བཅོས་ཐོག་མ་ཁྲེང་ཏུ་གྲོང་ཁྱེར་དུ་ཡོད་པའི་ཁྲེང་ཏུར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁྲུའུ་སྨན་ཁང་དུ་བདེ་བླག་ངང་བྱས་པ་རེད། ཕྲ་ཕུང་ཨ་མ་སྤོ་བའི་ནད་ཁང་གི་སྒོ་ཕྱེ་བ་དང་ཆབས་ཅིག་ཆབ་མདོ་ནས་ཡིན་པའི་ལོ་42ལ་སླེབས་པའི་ནད་པ་སྒྲོལ་མ(འགྱུར་མིང)སྨན་དོན་པའི་རོགས་རམ་འོག་ལོགས་དབྱེའི་ནད་ཁང་ནས་རིམ་གྱིས་ཕྱིར་ཐོན་པ་ལས་བོད་ཀྱི་ལྟེ་བའི་སྨན་བཅོས་ལག་རྩལ་ཁྱབ་ཁོངས་སུ་ཚད་བརྒལ་ཐོག་མ་བྱུང་བ་མཚོན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་སྒྲོལ་མ(འགྱུར་མིང)ལ་2025ལོར་ཉེན་ཁ་ཆེ་ཞིང་ཐོན་མང་བའི་རྐང་མར་སྐྲན་ནད་ཕོག་པ་གཏན་འཁེལ་བྱས་ཡོད། ཁྲེང་ཏུར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁྲུའུ་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས་རིག་ཚན་མང་པོའི་ལྷན་འཛོམས་ནད་དཔྱད་བྱས་ཐོག དཔྱད་དཔོག་གྲོས་འགོར་གཞིགས་ནས་ཁྲག་རྒྱུན་ཁོག་ནད་ཚོགས་པས་དེར་མི་སྒེར་གྱི་སྨན་བཅོས་ཇུས་གཞི་བཟོས་ཡོད། སྨན་བཅོས་བྱེད་རིང་། ཁྲག་རྒྱུན་ཁོག་ནད་ཚོགས་པས་ས་མཐོའི་ནད་པའི་དམིགས་བསལ་གྱི་སྙིང་དང་གློ་བའི་རྙིང་ཚབ་གསར་བརྗེའི་གཟུགས་པོའི་གནས་སྟངས་དང་ས་ཁོངས་ལས་བརྒལ་བའི་སྨན་བཅོས་མཉམ་སྒྲུབ་ཀྱི་དཀའ་རྙོག་ཆེ་བ་སོགས་ཀྱི་འགྲན་སློང་མང་པོ་ཁྱད་བསད་བྱས་མཐར། ནད་པའི་ཁྲག་གསོའི་ནུས་པ་རྦད་དེ་སླར་གསོ་བྱུང་ནས་ཚད་གཞི་ཁག་རྒྱལ་སྤྱིའི་ཚད་དུ་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།