ལྷ་ས་གྲོང་ཁྱེར་འཆམ་མཐུན་སྡེ་ཁུལ་གྱིས“བྱིས་པའི་སྐར་གསོག་ལམ་ལུགས”ཀྱི་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཆམ་མཐུན་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་ཀྱིས“བྱིས་པའི་ལག་ལེན་གྱི་སྐར་གསོག་ལམ་ལུགས”ཀྱི་བྱེད་སྒོ་སྤེལ་ནས་རི་མོ་དང་དང་བླངས་ཞབས་ཞུ་དམ་འཛིན་བྱ་གཞིར་བྱས་ཏེ་ཕྲུ་གུ་ཚོས་རི་མོ་འབྲི་བ་དང་། གད་ཕྱིས་རྒྱག་པ། སྤྱི་ཕན་ངལ་རྩོལ་བཅས་ཀྱི་ཁྲོད་ནས་སྐར་མ་གསོག་ཐུབ་པ་དང་སྐུལ་ལྕག་ཐེབས་པ་བྱས་ཏེ་གཡུལ་ས་འདི་ཉིད་འཚར་ལོངས་ཡོང་སའི་སློབ་ཁང་དང་ཤེས་དཔལ་ས་ཚིགས་སུ་འགྱུར་བར་བྱས་ཡོད།
ཕྲུ་གུ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཚོན་མདངས་རྣམ་པར་བཀྲ་བའི་ཕ་ཡུལ་གྱི་རྣམ་པ་བྲིས་ཏེ་ཁོར་ཡུག་སྲུང་སྐྱོང་དང་མཛའ་མཐུན་མཚོན་པར་བྱས་པ་མ་ཟད། དང་བླངས་པ་ཆུང་ཆུང་ཞིག་བྱས་ནས་སྤྱི་པའི་ས་ཁོངས་གཙང་སྦྲ་བྱེད་པ་དང་། སྒྲིག་ཆས་ཕྱིས་པ། གད་སྙིགས་སྒྲུག་པ་བཅས་བྱས་ཏེ་དྭངས་གཙང་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད། ཁོང་ཚོའི་བརྩམས་ཆོས་དང་ངལ་རྩོལ་རེ་རེ་ལས་སྐར་མ་གསོག་ཐུབ་པས་ཡིག་ཆས་དང་། དཔེ་དེབ། རིག་གནས་དང་ལུས་རྩལ་གྱི་མཁོ་ཆས་སོགས་ལ་བརྗེ་ཐུབ་པས་ཁོང་ཚོའི་སེམས་ཤུགས་འཕེལ་ཡོད།
འབྲེལ་ཡོད་གསར་འགྱུར།