ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་དབང་པོ་སྐྱོན་ཅན་མཐུན་ཚོགས་ཨུ་ཡོན་གྱི་སྲིད་ཇུས་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།
དབང་པོ་སྐྱོན་ཅན་མཐུན་ཚོགས་ཨུ་ཡོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཞབས་འདེགས་ཞུ་ནུས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་དང་དེ་བཞིན་ཁོང་ཚོའི་ཁྱིམ་ཚང་ལ་སྲིད་ཇུས་ཀྱི་ཁེ་འབབ་ཐད་ཀར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་ལྷོ་ཁ་ཀྲི་ཅུས་ཁེ་ལས་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་གྲོང་གསེབ་ཀྱི་གཞི་རིམ་དབང་པོ་སྐྱོན་ཅན་མཐུན་ཚོགས་ཨུ་ཡོན་གྱི་སྲིད་ཇུས་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་བཙུགས་པ་དང་འབྲེལ་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)12སུ་སྐོར་སྐྱོད་སྒྲོག་འགྲེལ་ཡང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་དབང་པོ་སྐྱོན་ཅན་གྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ལ་དམིགས་ནས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ལྷོ་ཁ་གྲོང་ཁྱེར་བཅས་ཀྱི་དབང་པོ་སྐྱོན་ཅན་དྲག་སྐྱེད་རོགས་སྐྱོབ་དང་། ལས་ཞུགས་ལས་གཏོད། གསོ་བཅོལ་ལྟ་སྐྱོང་། ཁེ་དབང་འགན་ལེན་བཅས་ལྟེ་བའི་ཁྱབ་ཁོངས་ཆེན་པོ་བཞིའི་སྲིད་ཇུས་མ་ལག་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་གསལ་འགྲེལ་གཏིང་ཟབ་བྱས་ཏེ་དབང་སྐྱོན་བྱིས་པའི་དྲག་སྐྱེད་རོགས་སྐྱོབ་བྱ་ཡུལ་དང་། ལོ་ཚད། ནང་དོན། ཁ་གསབ་ཚད་གཞི་བཅས་གཙོ་གནད་ཐོག་ཁ་གསལ་བཟོས་པ་མ་ཟད། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་རམ་འདེགས་ཡོ་བྱད་འཚམ་སྒྲིག་ཁ་གསབ་ལག་བསྟར་བྱ་ཐབས་ལ་འགྲེལ་བཤད་བརྒྱབ་ནས“སྲིད་ཇུས་གསལ་འགྲེལ་དང་། གྱོད་དཔེ་དབྱེ་ཞིབ། དངོས་སྦྱོང་སྦྱོང་བརྡར”བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ། སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་ཚང་མས་སྲིད་ཇུས་ཤེས་པ་དང་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ། དབང་པོ་སྐྱོན་ཅན་སྲིད་ཇུས་ཀྱི“གསལ་ཤེས་པ”དང“ལག་ལེན་པ”ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།