རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་ཆེད་དོན་བཤམས་སྟོན་ཁང་ཐོག་མ་ལྷ་སར་སྒོ་ཕྱེ་བ།
ཉེ་ཆར། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་ཆེད་དོན་བཤམས་སྟོན་ཁང་ཐོག་མ་སྟེ། བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་དེ་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)དུ་དངོས་སུ་སྒོ་ཕྱེ་བ་རེད། བཤམས་སྟོན་ཁང་དེར་རིག་གཞུང་ཞིབ་འཇུག་དང་། སློབ་ཁྲིད་ལག་ལེན། རིག་གནས་ཁྱབ་གདལ་བཅས་གཞི་གཅིག་ཏུ་འདུས་ཡོད་པ་མ་ཟད། བཤམས་རྫས་3000ལྷག་ཙམ་ཉར་ཚགས་བྱས་ཡོད།
བཤམས་སྟོན་ཁང་གིས་ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་གཞིགས་ནས་བོད་སྐད་ཡིག་གི་འབྱུང་འཕེལ་དང་། སློབ་སྦྱོང་བེད་སྤྱོད། རྒྱུན་འཛིན་སྲུང་སྐྱོང་བཅས་བརྗོད་དོན་གཙོ་བོ་ཆེན་པོ་གསུམ་ལ་ཕྱེ་ནས་ཁྱོན་འགྲེམས་སྟེགས་10བཀོད་སྒྲིག་བྱས་ཏེ། བོད་ཡིག་གསར་བཟོ་ནས་ཆ་འཕྲིན་ཅན་དུ་བེད་སྤྱོད་པའི་བར་གྱི་འཕེལ་རྒྱས་བརྒྱུད་རིམ་གསེད་བཀྲོལ་གསལ་པོར་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རིང་ཐོན་པའི་ནུས་པ་གསོན་ཉམས་དོད་པོས་མངོན་པར་བྱས་པ་མ་ཟད། བཤམས་སྟོན་ཁང་གིས་ཀྲུང་གོ་སྲིད་གཞུང་གི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་མང་པོ་དབང་གྲགས་ལྡན་པའི་གཞི་འཛིན་སར་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཏང་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་རྒྱབ་སྐྱོར་འོག བོད་ཀྱི་སྐད་ཡིག་ལས་དོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཚུལ་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།