ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་ཁོངས་གཏོགས་ཁུལ་གྱི་བུ་བཅོལ་ཁང་དུ་བྱིས་པའི་བདེ་ཐང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་མི་དམངས་སྨན་ཁང་གིས་རྫོང་སློབ་གསོ་ཅུས་དང་མཉམ་དུ་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུཌ་བྱས་ནས། ཁོངས་གཏོཌ་ཁུལ་གྱི་བུ་བཅོལ་ཁང་དུ་བྱིས་པའི་བདེ་ཐང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་བུ་བཅོལ་ཁང་གི་དགེ་སློབ་400ལྷག་ཙམ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཉམས་དོད་པའི་བདེ་ཐང་ཤེས་བྱ་འཆད་ཁྲིད་བྱས་པ་རེད།
བྱེད་སྒོ“ཆེད་ལས་ཚན་རིག་ཁྱབ་གདལ་དང་མཉམ་འགུལ་བཀོལ་སྤྱོད”ཀྱི་བྱེད་ཐབས་ནས་སྤེལ་ཞིང་། སྨན་དོན་མི་སྣས་བྱིས་པ་འཚར་ལོངས་ཁྲོད་ཀྱི་རྒྱུན་གཏན་བདེ་ཐང་གི་གནད་དོན་ལ་དམིཌ་ནས་མིག་ཤེད་སྲུང་སྐྱོང་དང་། ཁ་སྦུག་བདེ་ཐང་། འཚོ་བཅུད་བཟའ་བཅའ། སེམས་ཁམས་བཅས་ཕྱོགས་ལྔ་ནས་འཆད་འགྲེལ་གཏིང་ཟབ་བྱས་པ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་སློབ་ལོ་ལོན་པའི་བྱིས་པར་འཚོ་བཅུད་ཁུག་མ་311དང་། སོ་ཕོར་དང་། ཞ་སྨྱུག་གཞོག་ཆས། བྱ་སྒྲོའི་སྤོ་ལོ་རྒྱག་ཆས། ལྟོ་སྣོད་སོགས་བདེ་ཐང་དྲིལ་བསྒྲགས་དངོས་རྫས་50ལྷག་ཙམ། བདེ་ཐང་དང་དྲིལ་བསྒྲགས་ལག་དེབ་110ལྷག་ཙམ་བཅས་སྤྲད་པས་དགེ་སློབ་དང་ཁྱིམ་བདག་གི་བདེ་ཐང་འདུ་ཤེས་དང་ཕྲུ་གུ་ཚོའི་རང་ངོས་བདེ་སྲུང་ནུས་པ་ཆེ་རུ་ཕྱིན་པ་རེད།
འབྲེལ་ཡོད་གསར་འགྱུར།