ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སློབ་གྲྭར་ལས་མི་བསྡུ་བའི་བྱེད་སྒོ་སྤེལ་བ།
ཚེས་16ཉིན་གྱི་སྔ་དྲོར། 2026ལོའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“སློབ་གྲྭར་ཤེས་ལྡན་པ་འདུས། ལས་ཞུགས་ལམ་བུ་གཏོད”ཅེས་པའི་ལས་མི་བསྡུ་བའི་བྱེད་སྒོ་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་སྤེལ་བ་དང་མཐོ་སློབ་སློབ་ཆེན་སློབ་མ་མང་པོ་ཞིག་མིང་ཐོ་འགོད་པར་སླེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལས་མི་བསྡུ་བའི་ནང་ཁེ་ལས་100ཞུགས་ཡོད་པ་དང་ལས་གནས་1173ཡོད་ཅིང་། དེའི་ནང་ཀྲུང་དབྱང་ཁེ་ལས་3དང་གཞུང་ཁོངས་ཁེ་ལས་4ཡོད་པ་རེད། ལས་མི་བསྡུ་བའི་བྱེད་སྒོར་དྲ་ཐོག་དང་དྲ་ཕྱི་བཟུང་འབྲེལ་གྱི་བྱེད་ཐབས་སྤྱད་པས། ལས་ཀ་འཚོལ་མཁན་གྱིས་དྲ་ཕྱི་ནས་མིང་ཐོ་དགོས་ཆོག་ལ“ལྷ་ས་ལས་ཞུགས་ལས་གཏོད”དང“བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས”ཀྱི་ཁྱུག་དབྱིངས་བརྒྱུད་དྲ་ཐོག་ནས་ཐད་གཏོང་བྱེད་སྒོར་ཞུགས་ཆོག་པ་མ་ཟད། སྐད་འཕྲིན“ལྷ་སའི་ལས་ཞུགས”དང“ཁྲེང་ཀོན་མི་སྤྱི”ནས་མིང་ཐོ་འགོད་ཆོག་པ་དང་དྲ་ཐོག་ཏུ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་བསྐུར་ཆོག
འབྲེལ་ཡོད་གསར་འགྱུར།