ནག་ཆུ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ཤེས་ལྡན་པ་གསོ་སྐྱོང་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ཐད་འགག་རྩའི་གོམ་སྟབས་སྤོས་པ།
ཉིན་ཤས་གོང་། གསར་འགོད་པར་ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)ནས་ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ཤེས་ལྡན་པ་གསོ་སྐྱོང་སྒྱུར་བཅོས་ཀྱི་ཚོད་ལྟའི་སློབ་གྲྭས་སློབ་ཆུང་དང་སློབ་འབྲིང་དུས་མཚམས་ཀྱི་རྗེས་གྲབས་རྐང་རྩེད་སྤོ་ལོའི་ཤེས་ལྡན་པ་གདམ་གསེས་བྱས་པ་དང་། ཁག་དང་པོར་ལོ་ཆུང་རྐང་རྩེད་སྤོ་ལོ་རྒྱག་མཁན་249འབུར་དུ་ཐོན་ནས་རྐང་རྩེད་སྤོ་ལོའི་ཐང་ཆེན་དུ་ཕུགས་བསམ་དོན་གཉེར་བྱ་རྒྱུ་ཡིན་པ་ལས། ནག་ཆུ་གྲོང་ཁྱེར་གྱི་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་རྗེས་གྲབས་རྐང་རྩེད་སྤོ་ལོའི་ཤེས་ལྡན་པ་གསོ་སྐྱོང་ལམ་སྲོལ་འཚོལ་ཞིབ་ལ་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་པ་མཚོན་གྱི་ཡོད།
ནག་ཆུ་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ནས་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ཤེས་ལྡན་པ་གསོ་སྐྱོང་སྒྱུར་བཅོས་ཀྱི་ཚོད་ལྟའི་ས་ཁུལ(ཁག་གཉིས་པ)གྱི་མིང་ཐོར་ཚུད་པའི་གྲོང་ཁྱེར་དང་ས་ཁུལ་གཅིག་པུ་དེ་ཡིན་པ་དང་། མིག་སྔའི་བར། སློབ་གྲྭ་10ནག་ཆུ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ཤེས་ལྡན་པ་གསོ་སྐྱོང་སྒྱུར་བཅོས་ཚོད་ལྟའི་སློབ་གྲྭར་ཚུད་ཅིང་། ཐེངས་འདིའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་འཛིན་གྲྭའི་སློབ་མ་འདེམས་པའི་རིང་། ཚོད་ལྟའི་སློབ་ཆུང་6ལ་སློབ་མ་500ལྷག་ཙམ་གྱིས་མིང་ཐོ་བཀོད་རྗེས་མཐར་སློབ་མ་144བསྡུས་པ་དང་། ཚོད་ལྟའི་སློབ་འབྲིང་3ལ་སློབ་མ་400ལྷག་ཙམ་གྱིས་མིང་ཐོ་བཀོད་རྗེས་སློབ་མ་105བསྡུས་པ། ཚོད་ལྟ་ཁུལ་གྱི་མཐོ་འབྲིང་1ཏུ་སློབ་མ་བསྡུ་བའི་གྲ་སྒྲིག་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།