དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《སྐྲན་ནད་འགོག་བཅོས་དང་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་ཀྲུང་གོའི་བསྲུང་བྱ》དངོས་སུ་བཀྲམ་པ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-04-14

    ད་ལོའི་ཟླ་4ཚེས་15ནས་21ཉིན་བར་ནི་རྒྱལ་ཡོངས་ཀྱི་སྐྲན་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་གཟའ་འཁོར་ཨང་སོ་གཉིས་པ་ཡིན་ཞིང་། དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོ་ནི“སྔ་ཙམ་སྔོན་འགོག་དང་། སྔ་ཙམ་དབྱེ་བཤེར། སྔ་ཙམ་སྨན་བཅོས་བཅས་བྱས་ཏེ་སྐྲན་ནད་འགོག་བཅོས་བྱེད་དགོས”ཞེས་པ་དེ་རེད། 

    ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《སྐྲན་ནད་འགོག་བཅོས་དང་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་ཀྲུང་གོའི་བསྲུང་བྱ》དངོས་སུ་བཀྲམ་པ་རེད། 

    སྐྲན་ནད་འགོག་བཅོས་ཀྱི་བྱ་ཐབས་15

    འདི་དག་འཚོ་བའི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད།

    སྐྲན་ནད་འགོག་བཅོས་ཀྱི་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་ཀྲུང་གོའི་བསྲུང་བྱ།

    (2026ལོའི་པར་མ)

    1.ཐ་མག་མི་འཐེན་པ་དང་། ཐ་མག་སྔ་ཙམ་གཅོད་པ། ཐ་མག་འཐེན་མཁན་གྱི་འགྲམ་དུ་མི་སྡོད་པ།

    2.བདེ་ཐང་གི་གཟུགས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་དགོས་ཤིང་། ལྗིད་ཚད་ཚད་ལས་བརྒལ་བའམ་ཡང་ན་རྒྱགས་དྲགས་རྒྱུ་མེད་པ། 

    3.ཚན་རིག་དང་མཐུན་པའི་ལུས་སྦྱོང་རྒྱུན་འཁྱོངས་བྱེད་དགོས་པ་དང་སྡོད་དྲགས་རྒྱུ་མེད་པ། 

    4.ཆང་རག་ཉུང་དུ་གཏོང་བ་དང་ཚོད་མེད་འཐུང་མི་རུང་། 

    5.ཧམ་སྤུ་བརྒྱབ་པའི་ཟས་རིགས་ཟ་མི་རུང་བ་དང་། གོ་ཡུ(槟榔)དང་དེའི་བཟོས་རྫས་ཡུན་རིང་དང་རྟག་པར་ཟ་མི་རུང་། 

    6.བཟའ་བཅའ་དང་བཏུང་བྱ་ཚ་དྲགས་པའི་རིགས་སྤོང་དགོས་པ། 

    7.བསྙལ་མ་དང་། བསྲེག་ཟས། སྣུམ་བསྲེག་ཟས་རིགས་ཚ་པོ་སོགས་ཟ་མི་རུང་བ་དང་ལས་སྣོན་བྱས་པའི་ཤའི་བཟོས་རྫས་ཉུང་ཙམ་ཟ་དགོས་པ།

    8.མངར་ཆ་ཉུང་དུ་གཏོང་བ་དང་མངར་ཆ་འདུས་པའི་བཏུང་བྱའི་རིགས་མི་འཐུང་བའམ་ཉུང་དུ་གཏོང་དགོས་པ།

    9.སྔོ་ཚལ་དང་། ཤིང་ཏོག  དེ་བཞིན་འབྲུ་རིགས་ཀྱི་བཟའ་བཅའ་མང་ཙམ་ཟ་དགོས་པ།

    10.སོ་འཁྲུ་དང་སྨ་ར་བྲེག་ཆས་སོགས་གཞན་དང་མཉམ་དུ་སྤྱོད་རྒྱུ་མེད་པ་དང་ལྟོ་ཆས་ཟ་སྐབས་སྤྱི་པའི་ཐུར་མ་དང་ཁོའོ་ཙེ་སྤྱོད་དགོས་པ། 

    11.རང་ངོས་ནས་འགོག་སྲུང་ཡག་པོ་བྱས་ཏེ་སྐྲན་ནད་གཞན་ལ་མི་འགོ་བ་བྱེད་དགོས་པ། 

    12.ཉི་མ་སྲོ་དྲགས་རྒྱུ་མེད། 

    13.ཁང་པའི་ནང་རླུང་འགྲོ་ཡག་པོ་ཡོང་བར་བྱེད་པ་དང་། མཁའ་རླུང་སྦགས་བཙོག་ཆེ་བའི་སྐབས་སུ་ཕྱིར་ཉུང་ཙམ་སྐྱོད་པ། ཕྱིར་སྐྱོད་སྐབས་ཁ་རས་རྒྱག་དགོས་པ། 

    14.མཆིན་ནད་ལྡེམ་བུའི་རིམས་འགོག་སྨན་ཁབ་དང་མིའི་ནུ་ཏོག་སྐྲན་ནད་ཀྱི་ནད་དུག(HPV)གི་རིམས་འགོག་སྨན་ཁབ་སྔ་ཙམ་ནས་རྒྱག་དགོས་པ། 

    15.རབ་བྱུང་ན་ཨ་མའི་འོ་མ་སྟེར་དགོས་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།