དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ཀྱི་སྨན་བཅོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-13

    ཉིན་ཤས་གོང་། “ཡང་རྩེར་རིག་ནུས་གསར་པ་དར། སྨན་བཅོས་ལག་རྩལ་གསར་པར་ཕྱོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་སྨན་བཅོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བགྲོ་གླེང་ཚོགས་འདུ་དེ་ནི་བོད་རང་སྐྱོང་ལྗོངས་གསོ་རིག་ལྷན་ཚོགས་དང་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་ཀྱི་སྨན་བཅོས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ནད་ཐོག་སྨན་བཅོས་སུ་མི་ཐབས་རིག་ནུས་ཀྱི་ལག་རྩལ་བཀོལ་སྤྱོད་དང་རྫོང་ཁོངས་སྨན་བཅོས་སྒྲིག་གཞི་གྲངས་རིག་ཅན་དུ་ཕྱོགས་སྒྱུར་ཐུབ་པར་དམིགས་ཏེ། བདེ་ཐང་བོད་ལྗོངས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ས་མཐོའི་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་དང་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་ནས། བདེ་ཐང་བོད་ལྗོངས་ཀྱི་གྲངས་རིག་གི་འཆར་གཞི་གསར་པ་མཉམ་དུ་འགོད་ཆེད་ཡིན་པ་རེད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་པའི་སྐུ་མགྲོན་ཚོས། མཉམ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་སྨན་བཅོས་མི་ཐབས་རིག་ནུས་ཀྱི་ལག་རྩལ་བཀོལ་སྤྱོད་གང་མགྱོགས་ཐུབ་པར་བྱེད་པ། ས་མཐོའི་ས་ཁུལ་དང་འཚམ་པའི་གྲངས་རིག་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྣུར་སྲིང་དང་མང་ཚོགས་དང་ཉེ་བཅར་ཐུབ་པར་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ཏེ་མི་དམངས་ཀྱི་བདེ་ཐང་སྲུང་བ་བཅས་བྱས་ནས། “བདེ་ཐང་གི་བོད་ལྗོངས”སྐྲུན་པར་སྒུལ་ནུས་ཆེན་པོ་རྒྱུན་མཐུད་སྣོན་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།