དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ངམ་རིང་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་བདེ་ཐང་བརྟག་དཔྱད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-03

    ཉེ་ཆར། ངམ་རིང་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་། ཆེད་དོན་གཟུགས་པོ་བརྟག་དཔྱད་ལས་དོན་གྱི་ཆེད་དོན་ཚན་ཁག་འཛུགས་པ། གཞི་ཁྱོན་ཆེ་བའི་གཟུགས་པོའི་བརྟག་དཔྱད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཏན་ཏིག་དང་བདེ་ཐང་ཞབས་ཞུར་ཡིག་ཚགས་ཡོད་པ་དང་རྒྱུན་དུ་བརྟག་དཔྱད་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།

    ངམ་རིང་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་སྔ་ཙམ་ཇུས་འགོད་དང་སྔ་ཙམ་བཀོད་སྒྲིག་མཐའ་འཁྱོངས་དང་། ལས་སྒོའི་རྐང་འཛིན་པ་སྤྱི་འདོམས་བཀོད་སྒྲིག ཞབས་ཞུའི་བརྒྱུད་རིམ་ལེགས་གཏོང་བཅས་བྱས་ཏེ“ནད་གཞི་བཞི་དང་འབྲས་སྐྲན་གཉིས”གྲལ་བཤེར་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཁྲག་ཤེད་མཐོ་བའི་ནད་སོགས་གཅོང་ནད་ཚབས་ཆེན་ལ་ཚད་ལྡན་ཅན་གྱི་གྲལ་བཤེར་བྱས་ཡོད། དེ་དང་དུས་མཚུངས། སློབ་ཞུགས་གོང་གི་གཟུགས་པོ་བརྟག་དཔྱད་དོན་འཁྱོལ་ནན་ཏན་བྱས་ཏེ་དཔྱིད་དུས་སློབ་འགོ་ཚུགས་པའི་བླང་བྱ་གཞིར་བཟུང་། དགེ་སློབ་ཚོར་གཅིག་གྱུར་གྱི་གཟུགས་པོར་བརྟག་དཔྱད་ཀྱི་ཚད་གཞི་ལག་ལེན་བསྟར་བ་དང་། སློབ་གྲྭའི་འཕྲོད་བསྟེན་བདེ་འཇགས་ཐད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ། དགེ་སློབ་3763ལ་སློབ་ཞུགས་གོང་གཟུགས་པོའི་བརྟག་དཔྱད་བྱས་ཡོད། གཞན་ཡང་། ཡུལ་མིའི་གཟུགས་པོའི་བརྟག་དཔྱད་ཀྱི་ལས་དོན་དུས་གཅིག་ཏུ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་མི་ཚང་མར་གཟུགས་པོ་བརྟག་དཔྱད་བྱས་པ་མ་ཟད། ཡུལ་མིའི་གློག་རྡུལ་བདེ་ཐང་གི་ཡིག་ཚགས་དུས་ཐོག་ཏུ་གསར་བརྗེ་དང་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ། དམིགས་སའི་རང་བཞིན་ལྡན་པའི་བདེ་ཐང་མཛུབ་ཁྲིད་དང་ཐེ་ཇུས་བྱས་པ་དང་། མིག་སྔར་མི་ཐེངས་1150ལྷག་ཙམ་ལ་གཟུགས་པོའི་བརྟག་དཔྱད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།