དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་མི་རིགས་སློབ་ཆེན་གྱི།

    “དགེ་སློབ་ཆིག་སྟོང་མཐའ་མཚམས་སུ་སྐྱོད་པའི”སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-30

    ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་གྱི“དགེ་སློབ་ཆིག་སྟོང་མཐའ་མཚམས་སུ་སྐྱོད་པའི”སྤྱི་ཚོགས་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2026ལོའི་དགུན་གསེང་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལང་ཚོ་ལེགས་སྐྱེས་འབུལ་བའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ“དགེ་སློབ་ཆིག་སྟོང་མཐའ་མཚམས་སུ་སྐྱོད་པའི”སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེས“ལྔ་ལྡན་མི་རིགས་སློབ་ཆེན”འཛུགས་སྐྱོང་ལ་དམིགས་ནས་སློབ་གྲྭ་རིམ་པའི་ཚོགས་པ་གཙོ་བོ་14བཙུགས་པ་དང་། གསར་བརྗེའི་ཕུགས་འདུན་དོན་གཉེར་དང་། ལག་ལེན་བྱ་སྤྱོད་བརྟན་གཏོང་། མི་རིགས་མཐུན་སྒྲིལ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། གྲུབ་འབྲས་ལྟ་ཞིབ་བཅས་ཀྱི་ཁ་ཕྱོགས་ཆེན་པོ་5ལ་དམིགས་ཏེ་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་དགེ་སློབ་ཆིག་སྟོང་ལྷག་ཙམ་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་གཞི་རིམ་འཐབ་ས་དང་པོར་བསྐྱོད་དེ་གསར་བརྗེའི་ཞིབ་སྦྱོང་དང་། རིག་གནས་རྒྱུན་འཛིན། གཞི་རིམ་ཞབས་ཞུ་བཅས་ཀྱི་ཁྲོད་དུ་ཤེས་སྦྱོར་གཅིག་མཐུན་བྱས་ནས། གངས་ལྗོངས་ས་མཐོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།