དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི“བཟའ་བཅའ་དང་སྨན་རྫས་བདེ་འཇཌ་ཀྱི་འོས་འགན་ལྟ་སྐུལ་ས་ཚིགས”ཐོག་མ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-27

    ཟླ་3ཚེས་23ཉིན། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་གྱི་གྲོས་འདོན་བྱེད་སྒོ་སྤེལ་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི“བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་འོས་འགན་ལྟ་སྐུལ་ས་ཚིགས”ཐོག་མ་བཙུགས་པ་དང་ཆབས་ཅིག ཉོ་སྐྱེལ་བ་43ལ“བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་འོས་འགན་ལྟ་སྐུལ་པའི”ཐོབ་ཐང་སྤྲད་ནས། གྲོང་མིའི“ལྕེ་རྩེའི་བདེ་འཇགས”སྲུང་བར་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སྐྲུན་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྟབས་བདེ་ལ་དོན་ཐོག་ཏུ་འཁྱོལ་བའི་གོང་ཞུའི་ལས་རིམ་གཏན་འབེབས་བྱས་ནས། ཉོ་སྐྱེལ་བས་ཚད་ལྡན་ངང་ལྟ་སྐུལ་ཐེར་འདོན་བྱེད་པར་རོགས་སྐྱོར་བྱ་རྒྱུ་ཡིན་པ་སྟེ། ཉོ་སྐྱེལ་བས་བཟའ་བཅའ་ལེན་པ་དང་སྐྱེལ་བའི་རིང་གནད་དོན་ཡོད་པའི་ཁུངས་སྣེ་ཤེས་ཚེ། 12315དང་12345 གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་སྐད་འཕྲིན་སྤྱི་སྟེགས། ཡང་ན་དམིགས་བཙུགས་སྐད་འཕྲིན་ཚོགས་པ་སོགས་བརྒྱུད་དེ་ཞུ་གཏུག་དང་ཐེར་འདོན་བྱེད་ཆོག་པ་དང་ས་གནས་ས་ཐོག་གི་པར་དང་། བརྙན། གནད་དོན་བྱུང་སའི་ཆ་འཕྲིན་བཅས་མཁོ་འདོན་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།