ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུར་སྤུས་འབྲས་ལེགས་གཉེར་བྱུང་བ།
2025ལོར་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་1.53ཟིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཐུབ་ཚད་མི་ཁྲི་9.01ཟིན་པ། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1.76ལ་ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱས་ཡོད།
ན་ནིང་། ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོར་ཞབས་ཞུ་དང་འགན་ལེན་བྱ་རྒྱུ་ལྟེ་བར་བྱས་ཏེ། སྤྱི་པའི་ལས་ཞུགས་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བའི་དཔེ་སྟོན་རྣམ་གྲངས་ལག་ལེན་གཏིང་ཟབ་བསྟར་ཐོག ཁྱད་ལྡན་རིག་གནས་དང་ཡུལ་སྐོར་ཐོན་ལས་དང་། ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ཐོན་ལས། ས་མཐོའི་ཁྱད་ལྡན་ལས་སྣོན་ལས་རིགས་བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་ལ་ཁྱབ་པའི་ཕྱོགས་བསྡུས་ཅན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། ཚད་ལྡན་ཅན་དང་། སྤུས་རྟགས་ཅན། གྲངས་འཛིན་ཅན། ལྗང་མདོག་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་བརྒྱུད། ཆེད་དོན་འདུ་འགོད་ཆེན་པོ་བཅུ་ལག་ལེན་བསྟར་ནས“33410”ཡི་སྤྱི་པའི་ལས་ཞུགས་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བའི་དཔེ་སྟོན་རྣམ་པ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།