དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྗོངས་ཡོངས་ཀྱི“གཅེས་སེམས་ཨ་མའི”འཇོན་ཐང་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-11

    ཉིན་ཤས་གོང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི“གཅེས་སེམས་ཨ་མའི”འཇོན་ཐང་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་འཚོགས་པ་པ་རེད། གསོ་སྦྱོང་འཛིན་གྲྭ་དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི“གཅེས་སེམས་ཨ་མའི”དཔུང་ཁག་གི་ཆེད་ལས་བྱང་ཚད་དང་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་ཆེད་ཡིན་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་། ལྗོངས་ཡོངས་སུ་ཁྱོན་གཅིག་སྡུད་སློབ་ཁྲིད་ཉན་ས་83བཙུགས་པ་དེ་དག་ས་ཁུལ་དང་། གྲོང་ཁྱེར། རྫོང་། ཆུས་བཅས་ཁག་ལ་ཁྱབ་ཡོད། གསོ་སྦྱོང་དེར་དྲ་ཐོག་སློབ་ཁྲིད་བྱེད་སྟངས་སྤྱད་ནས་བྱིས་པ་སྐྱོང་རིང་འཕྲད་པའི་དོན་དངོས་ཀྱི་གནད་དོན་ལ་དམིགས་ནས་སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ལྗོངས་ཡོངས་ནས“གཅེས་སེམས་ཨ་མ”7866བསྡུས་ཏེ། “གཅིག་གཏད་གཅིག”དང“མང་གཏད་གཅིག”སོགས་ཀྱི་རྣམ་པའི་ཐོག་ནས་དམངས་སྲིད་སྡེ་ཁག་མང་པོར་ཐོ་བཀོད་པའི་གཞིས་ལུས་བྱིས་པ་དང་། ཁ་ཐོར་དྭ་ཕྲུག གསོ་མཁན་མེད་པའི་བྱིས་པ་བཅས་ལ་ཆ་སྒྲིག་རོགས་རམ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།