རི་བོ་ཆེ་རྫོང་མི་དམངས་སྨན་ཁང་གི་ཁྲག་རྒྱུན་གཙང་སྒྱུར་ལྟེ་གནས་དངོས་སུ་བསྐྲུན་པ།
རྫོང་དེའི་ཁྲག་རྒྱུན་བསིང་བཅོས་སྨན་བཅོས་ཞབས་ཞུའི་སྟོང་ཆ་བསྐངས་བ།

འདི་ནི་རི་བོ་ཆེ་རྫོང་མི་དམངས་སྨན་ཁང་གི་ཁྲག་རྒྱུན་གཙང་སྒྱུར་ལྟེ་གནས་དངོས་སུ་བསྐྲུན་ཟིན་ནས་སྒོ་བྱང་བཀལ་བ།
ཉེ་ཆར། རི་བོ་ཆེ་རྫོང་མི་དམངས་སྨན་ཁང་གི་ཁྲག་རྒྱུན་གཙང་སྒྱུར་ལྟེ་གནས་དངོས་སུ་བསྐྲུན་ཏེ་ནད་ཐོག་སྨན་བཅོས་ཐད་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་རི་བོ་ཆེ་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ནས་ཆབ་མདོ་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨན་ཁང་གི་ཁྲག་རྒྱུན་བསིང་བཅོས་ཚན་ཁག་བསྐྲུན་པར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་རི་བོ་ཆེ་རྫོང་གི་ཁྲག་རྒྱུན་བསིང་བཅོས་ཞབས་ཞུའི་སྟོང་ཆ་བསྐངས་ཡོད་པ་རེད།
རི་བོ་ཆེ་རྫོང་མཁར་དམར་མདོ་ཤང་ནས་ཡོང་བའི་གྲགས་པ་དབང་ཕྱུག་ནི་ནད་པ་ཞིག་གི་ནང་མི་ཡིན་པ་དང་ནད་པར་ཁྲག་རྒྱུན་བསིང་བཅོས་བྱས་ནས་ལོ་3སོང་ཡོད། ད་ཆ། རྫོང་མི་དམངས་སྨན་ཁང་དུ་ཁྲག་རྒྱུན་གཙང་སྒྱུར་ལྟེ་གནས་བཙུགས་པ་མཐོང་སྐབས། ཁོང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན“དེ་སྔོན་ཁྲག་རྒྱུན་བསིང་བཅོས་བྱེད་པར་ཆབ་མདོར་འགྲོ་དགོས་པས་ཞག་སྡོད་གྲོན་དངུལ་དང་ལམ་རིན་སོགས་འགྲོ་སོང་མང་པོ་གཏོང་དགོས་སྟབས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ལྕི་རུ་འགྲོ་བ་མ་ཟད། ལམ་བར་དུ་དུས་ཚོད་རིང་པོ་དགོས་ལ་དཀའ་ལས་ཧ་ཅང་ཆེན་པོ་འདུག ད་ཆ། ཁྱིམ་གྱི་སྒོ་རྩ་ནས་ཁྲག་རྒྱུན་བསིང་བཅོས་ཐུབ་པས་དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།